པར་རིས་གསར་འགྱུར།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ས་སློབ་ཆུང་གི་དགེ་སློབ་ཚོ་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་སྒར་ཁུལ་དུ་བསྐྱོད་དེ། “119”དྲིལ་བསྒྲགས་ཟླ་བ་དང་སྒར་ཁུལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། བྱེད་སྒོའི་རིང་། སློབ་མ་རྣམས་ཀྱིས་མེ་གསོད་རུ་མིའི་ཁྲིད་སྟོན་འོག་ཆེད་ལས་ཀྱི་རོགས་སྐྱོབ་སྒྲིག་ཆས་ངོ་ཤེས་པ་དང་། དེའི་བྱེད་ནུས་དང་སྤྱོད་སྟངས་རྒྱུས་ལོན་བྱས་པ་མ་ཟད། མེ་གསོད་རུ་མིའི་ཉལ་ཁང་དུ་བསྐྱོད་ནས་ཉལ་ཆས་ལྟེབ་རྩིག་རྒྱག་སྟངས་སྦྱངས་པ་སོགས་ལས་དམག་སྒར་གྱི་གཟབ་ནན་གྱི་སྤྱོད་ཚུལ་ཉམས་ལེན་བྱས་ཤིང་། འདི་ནི་ཧའེ་ས་སློབ་ཆུང་གི་སློབ་མས་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་སྒར་ཁུལ་ལ་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།