དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཡག་པོའི་ལག་རྩལ་ཚད་གཞི》དངོས་སུ་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-09

    ཉེ་ཆར་གསར་འགོད་པར《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཡག་པོའི་ལག་རྩལ་ཚད་གཞིའི》སྲིད་ཇུས་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱི“སྡོད་ཁང་ཡག་པོ”འཛུགས་སྐྲུན་དང་འཚམ་པའི་ཐབས་ལམ་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ་སྡོད་རྒྱུར་འཚམ་པའི་སྡོད་ཁང་གི་ཆུ་ཚད་མཐོ་རུ་བཏང་ནས་ལས་རིགས་ཚད་ལྡན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གནད་དོན་དང་། དགོས་མཁོ། དམིགས་ཚད་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། 2024ལོའི་ཟླ་བ་བདུན་པར《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཡག་པོའི་ལག་རྩལ་ཚད་གཞིའི》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)རྩོམ་འབྲིའི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། 《ཚད་གཞི》དེ་2025ལོའི་ཟླ་10ཚེས་29ཉིན་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཟླ་11ཚེས་29ཉིན་དངོས་སུ་ལག་ལེན་བསྟར་ཡོད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་བློ་བཟང་ཚེ་རིང་གིས། 《ཚད་གཞི》དེས་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་སྤྱི་འདོམས་བྱས་ཏེ། ཇུས་འགོད་འཆར་འགོད་བྱས་ནས་འབྱུང་རྩ་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་བདེ་འཇགས་རང་བཞིན་དང་བདེ་ཐང་རང་བཞིན་འགན་སྲུང་བྱས་པའི་ཁར་བོད་ཀྱི་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་ཀྱི་འཚམ་མཐུན་རང་བཞིན་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་དང་། མི་ཆོས་དང་གོམས་སྲོལ་ལ་བརྩི་འཇོག བཟོ་སྐྲུན་གྱི་རྣམ་པ་དང་ས་ཁོངས་ཀྱི་རིག་རྒྱུན་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གྲོང་ཁྱེར་གྱི་གྲུབ་ཆ་དང་། རིག་གནས་ཤུལ་བཞག་གི་ལྗོངས་གཟིགས་ཐོན་ཁུངས། རང་བྱུང་གི་རྣམ་པ་བཅས་དང་མཉམ་འདྲེས་ཡོང་བའི་འགན་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    གཞན་ཡང་། 《ཚད་གཞིའི》ནང་། རིག་ནུས་སྒྲིག་ཆས་ཀྱི་འདུས་གྲུབ་དང་། བདེ་འཇགས་འགོག་སྲུང་རིག་ནུས་ཅན་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒྲིག་ཆས་འཁོར་སྐྱོད་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་དང་སྐབས་བསྟུན་འཁོར་སྐྱོད་བདག་སྐྱོང་བྱེད་པ་དང་། སྡེ་ལས་དོ་དམ་ལམ་ལུགས་ལེགས་སུ་ཁ་གསལ་བཟོ་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རིག་གནས་ཀྱི་མཐུན་རྐྱེན་སྦྱོར་བ་དང་། ཞབས་འདེགས་ཞུ་བ། གྲངས་འཛིན་འབྲེལ་མཐུད་བཅས་ཀྱི་རྩ་གསུམ་མཉམ་འགུལ་བྱས་པ་བརྒྱུད་རྒྱུན་མཐུད་ཆོག་པའི་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་ཤིག་ཆགས་པ་བྱ་རྒྱུ་ཡིན་ཚུལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།