དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་གྱོད་གཞི་ཞིག་ཁྲིམས་ལྟར་འདྲི་ཞིབ་མཇུག་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-02

    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ཁེ་ལས་ཁྲོམ་ར་ནས་ཁྲིམས་མཐུན་དང་གོ་རིམ་ལྡན་པའི་ངང་དོན་པར་རམ་འདེགས་བྱ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་གོ་རིམ་ལེགས་གཏོང་དང་སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་གྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་བ་བརྒྱུད། མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་གྱོད་གཞི་ཞིག་བདེ་བླག་ངང་འདྲི་ཞིབ་མཇུག་བསྒྲིལ་བ་རེད། གྱོད་གཞི་དེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་མང་རིང་བདག་སྤྲོད་བྱེད་ཐེངས་དང་པོ་ཡིན་ཞིང་། བུན་དབང་རེ་ཞུ་བྱེད་མཁན་180དང་བུན་དབང་རེ་ཞུ་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་པའི་མ་རྩ་སྟོངས་ནས་གཙང་རྩིས་བརྒྱབ་པའི་གྱོད་གཞི་ཞིག་ཡིན་པ་རེད།

    2023ལོར། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀུང་སི་ཞིག་གིས་དུས་བཀག་ནང་བུ་ལོན་འཇལ་མི་ཐུབ་པའི་དབང་གིས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཁེ་ལས་ཤིག་གིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་མ་རྩ་སྟོངས་ནས་གཙང་རྩིས་རྒྱག་རྒྱུའི་རེ་ཞུ་བྱས། ཞིབ་བཤེར་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀུང་སི་དེའི་རྒྱུ་ནོར་ལས་བུ་ལོན་འཇལ་མི་ཐུབ་པས་མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་ཆ་རྐྱེན་དང་མཐུན་ཡོད། ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པའི་བསམ་འཆར་ཉན་རྗེས་གྱོད་གཞི་དེ་གྱོད་ཁོངས་སུ་འཇུག་རྒྱུའི་ཐག་བཅད་པ་རེད། མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་གོ་རིམ་ནང་སླེབས་རྗེས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མ་རྩ་སྟོངས་པའི་དོ་དམ་པ་ཨང་ཀི་དཀྲུགས་ནས་བདམས་པ་བརྒྱུད། སྔ་རྗེས་སུ་དཔྱད་འདོམས་སྒྲིག་གཞིར་མངག་བཅོལ་བྱས་ནས་ཀུང་སིའི་བཟོ་ཁང་གི་རིན་གོང་གཏན་འཁེལ་དང་། ཚོད་སྐོར་སྒྲིག་གཞིར་མངགས་བཅོལ་བྱས་ཏེ་ཀུང་སིའི་ས་ཆ་སོགས་རྒྱུ་ནོར་ལ་ཚོད་སྐོར། རྩིས་བཤེར་སྒྲིག་གཞིར་མངག་བཅོལ་བྱས་ཏེ་ཀུང་སིའི་ནོར་དོན་ལ་རྩིས་བཤེར་བཅས་བྱས་པ་དང་། དེ་བཞིན་ས་ཡུལ་དངོས་སུ་ཐེངས་མང་བསྐྱོད་ནས། གཞི་གོང་གཏན་འཁེལ་བྱས་རྗེས་ཧབ་འཚོང་ཐེངས་ལྔ་བྱས་པ་བརྒྱུད། 2025ལོའི་ཟླ་4པར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་རྒྱུ་ནོར་ཧབ་ཚོང་བདེ་བླག་བྱུང་བ་དང་འབྲེལ་ཧབ་ཚོང་འཐོབ་མཁན་ལ་ས་ཞིང་གི་མིང་སྒྱུར་བའི་འགྲོ་ལུགས་གཉེར་རོགས་བྱས་པ་དང་། མ་རྩ་སྟོངས་པའི་དོ་དམ་པས་གཏན་ལ་འཁེལ་བའི་བུན་བདག་གི་བསྡུར་གྲངས་གཞིར་བཟུང་དུས་ཐོག་ཏུ་བུ་ལོན་གཙང་བྱེད་རྒྱུར་ལྟ་སྐུལ་བྱས་པ་དང་། 2025ལོའི་ཟླ་10པའི་ཟླ་མཇུག་ཏུ། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མ་རྩ་སྟོངས་ནས་གཙང་རྩིས་རྒྱག་པའི་གྱོད་གཞི་འདྲི་ཞིབ་མཇུག་བསྒྲིལ་བའི་ཁྲིམས་ཐག་བཅད་པ་དང་འབྲེལ་སྤྱི་བསྒྲགས་ཀྱང་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།