རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས།
ཞིང་པ་ལས་མིའི་གླ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།
ཉེ་ཆར་ཞིང་པ་ལས་མིའི་འཐུས་མི་འགའ་ཞིག་གིས“ཁྲིམས་འཛིན་དྲང་གཞག་གིས་དམངས་ཀྱི་སེམས་ཁྲལ་སེལ། མི་དམངས་ཁྲིམས་ཁང་གིས་དམངས་ཆེད་བྱ་བ་སྒྲུབ། ཞིང་པ་ལས་མིའི་ཁེ་དབང་དང་དུ་ལེན། མི་སེར་དོན་དུ་དྲང་བདེན་བརྩོན་ལེན་བྱེད”ཅེས་འཁོད་པའི་གོས་དར་ཞིག་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་ལག་ཏུ་སྤྲད་ནས་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་པ་ལས་མི་དེ་དག་ཁག་བགོས་འགན་གཙང་ཚན་པ་ཞིག་གིས་གླས་ཏེ། ས་གནས་དེ་གའི་ལས་གྲྭའི་རྣམ་གྲངས་ཤིག་ཏུ་ལས་ཀ་ཟླ་བ་ཁ་ཤས་བྱས་ཀྱང་ངལ་རྩོལ་གྱི་གླ་ཆ་གྲངས་ཚང་རག་མེད་པ་རེད། ལོ་མཇུག་ཏུ་སླེབས་དུས་ཁག་བགོས་འགན་གཙང་ཚན་པ་དང་ཨར་ལས་ཚན་པ་དང་གྲོས་མོལ་ཐེངས་མང་བྱས་ཀྱང་ཐག་གཅོད་མ་བྱུང་བས། རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་དགོས་བྱུང་བ་རེད།
ཁྲིམས་དཔོན་གྱིས་ཨར་ལས་ཚན་པ་དང་ཁག་བགོས་འགན་གཙང་ཚན་པ་དང་འབྲེལ་གཏུག་ཐེངས་མང་བྱས་ནས་ངང་རྒྱུད་རིང་པོས་བཅའ་ཁྲིམས་དང་གནས་ལུགས་གསལ་འགྲེལ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་བཅའ་ཁྲིམས་མཇུག་འབྲས་དང་སྤྱི་ཚོགས་འགན་འཁྲི་གསལ་བཤད་བྱས་པ་དང་དུས་མཚུངས་ཁེ་ལས་ཀྱི་དཀའ་ངལ་དངོས་ཉན་ནས། ཕྱོགས་གཉིས་པོའི་རེ་འདུན་མཐུན་སྦྱོར་ཧུར་ཐག་བྱས།
འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་དཔོན་གྱིས་ཕྱོགས་གཅིག་ནས་ཁེ་ལས་ཕྱོགས་ལ《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་སྲུང་སྐོར་གྱི་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ནན་བཤད་བྱས་ཏེ། ཨར་ལས་ཚན་པ་དང་ཁག་བགོས་འགན་གཙང་ཚན་པའི་ཞོར་འདྲུད་གཏོང་སྤྲོད་འགན་འཁྲི་ཁ་གསལ་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་པ་ལས་མིར་སེམས་གསོ་བཏང་བ་དང་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་དང་བཅའ་ཁྲིམས་ཀྱི་འགན་སྲུང་གསལ་པོ་བཤད་དེ་སེམས་ཁྲལ་བསལ། ཁྲིམས་དཔོན་གྱིས་འབྲེལ་གཏུག་ཡང་ཡང་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཐར་ཨར་ལས་ཚན་པ་དང་ཁག་བགོས་འགན་གཙང་ཚན་པས་ས་གནས་ས་ཐོག་ཏུ་ཞིང་པ་ལས་མི་རྣམས་ལ་འགྱངས་ཆད་གླ་ཆ་གྲངས་ཚང་སྤྲད་པ་རེད། གླ་ཆ་རག་པའི་ཞིང་པ་ལས་མི་རྣམས་ཀྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཏེ་འཕྲལ་དུ་ཁྲིམས་ཁང་ལ་ཞུ་གཏུག་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས་པ་མ་ཟད། ཆེད་མངཌ་གོས་དར་བཟོས་ནས་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད།
གོས་དར་དེ་ནི་ཞིང་པ་ལས་མིས་ཁྲིམས་ཁང་གི་ལས་དོན་ལ་ཁས་ལེན་དང་བསྟོད་བསྔཌ་བཏང་བ་ཞིག་ཡིན་པ་མ་ཟད། ཁྲིམས་འཛིན་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།