རྐྱེན་ངན་གྲལ་བཤེར་བྱས། བདེ་འཇགས་འགན་ལེན་ཐོབ།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དུས་བདེའི་འགོག་རགས་བརྟན་དུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་བཏང་བ་ཞིང་། འདི་ནི་མེ་ཏོག་རྫོང་སྤྱི་བདེ་ཅུས་བདེ་འཇཌ་རུ་ཆེན་གྱི་རུ་མི་གསོལ་མགྲོན་ཁང་དུ་བསྐྱོད་ནས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་གཉེར་སྐྱོང་མཁན་གྱིས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་བཞིན་པ།

མེ་ཏོག་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྐོར་གཡེང་ཞིབ་བཤེར་དང་ས་ཚིགས་ཞིབ་བཤེར་ལ་བརྟེན་ནས“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ར་བཟི་འཁོར་གཏོང་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། དུས་བཀག་ནང་ལོ་བཤེར་བྱས་མེད་པ་དང་འགན་བཅོལ་གྱི་དུས་ཚོད་ཡོལ་བ་སོགས་ཀྱི་རླངས་འཁོར་ལ་གྲལ་བཤེར་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་མི་ཐོན་པ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།