དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བསམ་གྲུབ་རྩེ་ཆུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་སྒོར་ཁྲི་10ལྷག་ཙམ་གྱི་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-02

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་གྱོད་འབྲེལ་སྒོར་ཁྲི་10ལྷག་ཙམ་གྱི་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་བདེ་བླག་ངང་བཟུང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་མི་ཕོག་པར་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

    ཟླ་11ཚེས་14ཉིན། ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས། ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་རྐུ་རྒྱག་གི་གྱོད་གཞི་ལྷག་སྟེ་རྒྱུ་ནོར་འབོར་ཆེན་རྐུ་ཤོར་འདུག་ཅེས་བརྗོད། ཉེན་བརྡ་འབྱོར་རྗེས། བསམ་གྲུབ་རྩེ་ཡན་ལག་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་དུ་བཀོད་སྒྲིག་བྱས་པ་རེད། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མྱུར་དུ་དང་ལེན་བྱས་ནས། འཕྲལ་དུ་འཇོན་ཐང་ཆེ་བའི་ཉེན་རྟོག་པ་ལས་གྲུབ་པའི་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུཌ་ཏེ་གྱོད་དོན་མྱུལ་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བབ་བསྟུན་འཚོལ་འདེད་དང་ཕྱོགས་མང་དབྱེ་ཞིབ་མཐའ་དཔྱོད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་གབ་ས་མྱུར་དུ་གཏན་འཁེལ་བྱས་པ་མ་ཟད། ཁོ་པ་བདེ་བླག་ངང་བཟུང་བ་རེད། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོས་ཁོ་པའི་རྐུ་རྒྱག་གི་བྱས་ཉེས་སྦ་གསང་མེད་པར་ཁས་བླངས་པ་རེད།

    མིག་སྔར། ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།