ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གིས།
ཞིང་འབྲོག་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་ཐོག་མ་བྱེད་འགོ་ཚུགས་པ།

འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གི“དགུན་ཁར་ཞིང་འབྲོག་ཁུལ་དུ་དྲོ་སྐྱིད་སྦྱིན་པའི་མེ་ཟོན་བྱ་སྤྱོད”ཅེས་པའི་སྐོར་སྐྱོད་འཁྲབ་སྟོན་ཐོག་མའི་བྱེད་སྒོ་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་མཐུན་སྒྲིལ་ཐང་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ད་ལོའི་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིམ་སྤེལ་བྱེད་སྒོ་འདིར་ཆ་མཚོན་ན། རིག་རྩལ་རུ་ཁག་གིས་སྔ་སྣུར་དུ་ནང་སྦྱོང་དང་གྲ་སྒྲིག་ཨང་གསར་བྱས་པའི་ཁར། མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་བརྒྱུད་སྤེལ་བྱས་ཤིང་། འཁྲབ་སྟོན་ཐོག་མ་འདིར་ཁྱོན་མང་ཚོགས་200ལྷག་ཙམ་གྱིས་བལྟས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་ཤེས་བྱ་གཞི་རིམ་དུ་ཁྱབ་སྤེལ་གཏོང་བ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བའི་གསར་གཏོད་ལག་ལེན་དང་བྱ་ཐབས་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་དེའི་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་ཁག་གི་ཞིང་འབྲོག་ཁུལ་དུ“དགུན་ཁར་དྲོ་སྐྱིད་སྦྱིན་པའི”སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་དེ། མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རྣམ་པའི་ཐོག་ནས་གཞི་རིམ་གྱི་མེ་ཟོན་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང“དུས་བདེའི་ཁྱིམ་གཞིས”ཁྲི་སྟོང་མང་པོར་སྲུང་སྐྱོང་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་མེ་ཏོག་གངས་ལྗོངས་ས་མཐོར་ཡུན་ནས་ཡུན་དུ་བཞད་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།