དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྫོང་དགའ་གྲོང་ལྷན་དུ་བཅའ་སྡོད་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་རྟོགས་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-02

    གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱར་གཞིགས་ནས། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་བརྡ་ལན་ཧུར་ཐག་ཞུས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་། དྲིལ་བསྒྲགས་ཡིག་སྒྲོམ། སྐད་འཕྲིན་སྤྱི་རྟགས། སྐད་འཕྲིན་ཚོགས་པ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྟངས་གང་ལེགས་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་པོར་རྟོགས་པར་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་རྟོགས་རྒྱུར་སྐུལ་འདེད་བཏང་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས“སྣེ་ཁྲིད”ཀྱི་ནུས་པ་གང་ལེགས་བཏོན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་གཙོ་གནད་ནང་དོན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ“གཅིག་སྡུད་སློབ་སྦྱོང་དང་། དྲ་ཐོག་སློབ་སྦྱོང་། གྲོང་སྡོད་ལས་བྱེད་པས་རང་འགུལ་སློབ་སྦྱོང”སོགས་ཀྱི་བྱེད་སྟངས་སྤྱད་དེ་གྲོང་ཚོའི་ཨུ་ལྷན་གཉིས་དང་། གྲོང་སྡོད་ལས་བྱེད་པ། ཆེད་བསྐོས་པ་བཅས་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་། གཅིག་སྡུད་སློབ་སྦྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་མི་སྒེར་གྱི་རང་སྦྱོང་བྱས་ནས་ཟུར་ཕྱོགས་མི་འདྲ་བ་དང་། ལས་གནས་མི་འདྲ་བ། འགན་འཁྲི་མི་འདྲ་བ་བཅས་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་སྐོར་སྐྱོད་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ནས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁྱིམ་ཚང་ཚང་མར་སྤྲད་པ་དང་། གྲོང་མིའི་ཁྱིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་ཏེ“ཡིག་ཐོག་གི་སྐད་ཆ”“ཅི་འཕྲོས་མོལ་འཕྲོས”སུ་འགྱུར་བ། གྲོང་མིས་དོ་ཁུར་བྱེད་པའི་ས་ཞིང་འགན་གཙང་དང་། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ། ཞིང་ལས་ཀྱི་ཁ་གསབ། རྒན་གསོའི་སྨན་བཅོས་སོགས་དམངས་འཚོའི་སྲིད་ཇུས་ལ་དམིགས་ཏེ་མང་ཚོགས་དང་འབྲེལ་འདྲིས་དང་། གོ་ཐུབ་པ། ངེས་ཐུབ་པ་བཅས་ཀྱི་བྱེད་སྟངས་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཁག་སྒྲོག་འགྲེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།