བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་ཡི་གེ་གཉིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞུ་གཏུག་ཡི་གེར་བདམས་པ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཉེར་བའི་2025ལོའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཕུལ་བྱུང་ཞུ་གཏུག་ཡི་གེ་དཔྱད་འདེམས་བྱེད་སྒོར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་ཡི་གེ་2ཕུལ་བྱུང་ཞུ་གཏུག་ཡི་གེར་བདམས་པ་རེད།
ཉེ་ཆར། ཐོག་མའི་དཔྱད་འདེམས་དང་། བསྐྱར་འདེམས། ཞིབ་བཤེར་གཏན་འཁེལ་བཅས་ཀྱི་ལྷུ་ཚིགས་གཙོ་བོ་གསུམ་བརྒྱུད། ཞུ་གཏུག་ཡི་གེ་630ཡི་ཁྲོད་ནས་ཕུལ་བྱུང་ཞུ་གཏུག་ཡི་གེ་100བདམས་པ་དེའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱས་པའི“ཞ་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་ངང་རྩིས་འཁོར་ཆ་འཕྲིན་མ་ལག་གི་གྲངས་གཞི་བསྡུ་ལེན་བྱས་པའི་གྱོད་གཞིའི”ཞུ་གཏུག་ཡི་གེ་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱས་པའི“ཧྥེ་ཆེ་གེ་མོས་ཁ་བསླུས་བརྒྱབ་པ་དང་བསྙད་འདོགས་རྒྱུ་འཕྲོག་བྱས་པ་སོགས་ཀྱི་གྱོད་གཞིའི”ཞུ་གཏུག་ཡི་གེ་ཕུལ་བྱུང་ཞུ་གཏུག་ཡི་གེར་བདམས་པ་རེད།
འབྲེལ་ཡོད་གསར་འགྱུར།