རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།
དྲག་རྩལ་འགྲན་བསྡུར་ཆེ་མོའི་དྲ་ཐོག་རུབ་འཛོམས་སྦྱོང་བརྡར་བྱེད་སྒོ་སྤེལ་བ།
ལྗོངས་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་ཆེད་ལས་བྱང་ཚད་དང་དངོས་འཐབ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་རྒྱལ་ཡོངས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་ལས་དོན་གྱི་འགྲན་བསྡུར་ཆེ་མོའི་བྱེད་སྒོར་གྲ་སྒྲིག་བྱ་ཆེད། ཟླ་11ཚེས་13ནས་17ཉིན་བར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དུས་ཐེངས་བཞིའི་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་པའི་འགྲན་བསྡུར་ཆེ་མོའི་དྲ་ཐོག་རུབ་འཛོམས་སྦྱོང་བརྡར་བྱས་ནས་བོད་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་གསུམ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་དམངས་འདུམ་འགྲིམ་པ་80ལ་གནད་སྨིན་ཅན་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་པ་རེད།
ད་ཐེངས་ཀྱི་རུབ་འཛོམས་སྦྱོང་བརྡར་ལ་རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་རིགས་གཅིག་མཁས་ཅན་ལིའུ་གཡོད་ཤིན་དང་ཧྲན་ཤིས་འདུམ་འགྲིག་སློབ་གླིང་གི་ཡོན་ཀྲང་ཧའོ་ཞའོ་ལིང་གདན་དྲངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།