དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་འཛིན་གྱི“རྟ་དམག་ཧྲག་པོས”ས་མཐོའི་འབྲོག་ར་བསྲུངས་པ།

    ནག་ཆུ་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ཁྲིམས་སྐྱོང་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    འདི་ནི་དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་ཕྱིང་ལུང་གདོང་དཀར་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་རར་བརྟེན་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་སྐོར་གྱི་ཆེད་དོན་ཁྲིམས་ལུགས་འཆད་ཁྲིད་བྱེད་བཞིན་པ།

    འདི་ནི་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་བྲག་སྨུག་ཁྲིམས་ཁང་གི་མི་དམངས་ཉེན་རྟོག་པ་དང་སྐོར་སྐྱོད་ཁྲིམས་རའི་ལས་དོན་པས་འབྲོག་ཁུལ་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་ལྷ་རི་རྫོང་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་རའི་ནུས་པ་གང་ལེགས་བཏོན་ནས་ཡིག་ཆ་འབྲོག་པའི་སར་སྐྱེལ་བཞིན་པ།

    2024ལོ་ནས་ནག་ཆུ་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ལམ་ཐག་སྤྱི་ལེ་ཁྲི་80ལྷག་ཙམ་སྐོར་སྐྱོད་བྱས་པ་དང་། གྱོད་གཞི་ཁག་1800ལྷག་ཙམ་གྲལ་བཤེར་བྱས་པ། ས་ཡུལ་དངོས་སུ་རྩོད་གཞི་ཁག་480ལྷག་ཙམ་འདུམ་འགྲིག་བྱས་པ། ས་ཡུལ་དངོས་སུ་གྱོད་དོན་ཁག་300ལྷག་ཙམ་ཐོ་འགོད་བྱས་པ། ས་ཡུལ་དངོས་སུ་ཁྲིམས་ར་ཐེངས་80ལྷག་ཙམ་འཚོགས་པ། ས་ཡུལ་དངོས་སུ་ཁྲིམས་འཛིན་ཐེངས་500ལྷག་ཙམ་བྱས་པ། ཁྱིམ་གྱི་སྒོ་རྩར་བཅའ་ཁྲིམས་ཐེངས་1400ལྷག་ཙམ་ཁྱབ་གདལ་བཏང་བ། དམངས་ཕན་འབྲེལ་གཏུག་གཱ་5500ལྷག་ཙམ་སྤྲད་པ་བཅས་ལས་མང་ཚོགས་མི་ཐེངས་ཁྲི་20ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    བྱང་ཐང་ས་མཐོར་གནས་པའི་ནག་ཆུ་གྲོང་ཁྱེར་དུ་ཆ་སྙོམས་ས་བབ་སྨི་4500ལྷག་ཟིན་པ་དང་དེ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་དང་སྐམ་སའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན། དེ་གར་གསོ་རླུང་དཀོན་ལ་ཆ་རྐྱེན་ཞན་རུང་དམིགས་བསལ་གྱི་དཔུང་ཁག་ཅིག་སྟེ། ནག་ཆུ་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ལོ་འཁོར་མོར་རྩྭ་ཐང་དང་འབྲོག་རའི་དབར་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་མཆིས།

    ནག་ཆུ་གྲོང་ཁྱེར་ས་རྒྱ་ཆེ་བས་ཞིང་འབྲོག་མང་ཚོགས་ཐར་ཐོར་དུ་གནས་པ་དང་མང་ཚོགས་ཚོས་ཁྲིམས་ཁང་དུ་ཕར་འགྲོ་ཚུར་འོང་ཐེངས་རེ་བྱེད་པར་ལམ་ཐག་སྤྱི་ལེ་བརྒྱ་གྲངས་སྐྱོད་དགོས་པས་ནག་ཆུ་ཁྲིམས་ཁང་གིས་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རའི་ལས་ཀའི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་སྟེ། ཁྲིམས་འཛིན་ཞབས་ཞུ་དེ་གྲོང་ཁྱེར་ནས་གྲོང་གསེབ་དང་། གཅིག་སྡུད་སྡོད་ཁུལ་ནས་དབྱར་དགུན་གྱི་འབྲོག་རའི་བར་ཕྱོགས་ཡོངས་ནས་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྐོར་སྐྱོད་ཁྲོད་གྱོད་དོན་ཐོ་འགོད་དང་། འདུམ་འགྲིག འདྲི་གཅོད། ཁྲིམས་སྒྱུར། བཅའ་ཁྲིམས་ཁྱབ་གདལ་བཅས“ཕྱོགས་ལྔ་གཞི་གཅིག”གི་ཞབས་ཞུ་སྒྲུབ་སྟངས་བརྒྱུད་རང་འགུལ་གྱིས་སྒོ་རྩར་སྐྱོད་པ་དང་རྒྱང་སྦྲེལ་དྲ་ཞུགས་གཉིས་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཚོས་ཁྲིམས་འཛིན་རང་ཉིད་ཀྱི་ཉེ་འགྲམ་དུ་ཡོད་པ་དངོས་སུ་ཚོར་ཐུབ་པ་བྱས་ཡོད།

    2024ལོ་ནས་ནག་ཆུ་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ལམ་ཐག་སྤྱི་ལེ་ཁྲི་80ལྷག་ཙམ་སྐོར་སྐྱོད་བྱས་པ་དང་། གྱོད་གཞི་ཁག་1800ལྷག་ཙམ་གྲལ་བཤེར་བྱས་པ། ས་ཡུལ་དངོས་སུ་རྩོད་གཞི་ཁག་480ལྷག་ཙམ་འདུམ་འགྲིག་བྱས་པ། ས་ཡུལ་དངོས་སུ་གྱོད་དོན་ཁག་300ལྷག་ཙམ་ཐོ་འགོད་བྱས་པ། ས་ཡུལ་དངོས་སུ་ཁྲིམས་ར་ཐེངས་80ལྷག་ཙམ་འཚོགས་པ། ས་ཡུལ་དངོས་སུ་ཁྲིམས་འཛིན་ཐེངས་500ལྷག་ཙམ་བྱས་པ། ཁྱིམ་གྱི་སྒོ་རྩར་བཅའ་ཁྲིམས་ཐེངས་1400ལྷག་ཙམ་ཁྱབ་གདལ་བཏང་བ། དམངས་ཕན་འབྲེལ་གཏུག་གཱ་5500ལྷག་ཙམ་སྤྲད་པ་བཅས་ལས་མང་ཚོགས་མི་ཐེངས་ཁྲི་20ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    མཚོ་གཉིས་རྫོང་དུ་མི་དམངས་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ཉིན་རེར་ལེ་དབར་སྟོང་བསྐྱོད་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས་དང་སྲིད་འཛིན་གྲོང་ཚོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ“ཁྲིམས་ཁང་དང་ས་ཚིགས་མཉམ་འབྲེལ”གྱི་སྐྱེ་ཁམས་སྔོན་ཚུད་ཉེན་བརྡའི་དྲ་མིག་བཙུགས་ནས་ཁྲིམས་འཛིན་སྲུང་སྐྱོབ་བཀའ་རྒྱ་དང་ཁོར་ཡུག་སྲུང་སྐྱོང་གི་གྲོས་འགོའི་ཡི་གེ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཡོད། ཨ་མདོ་རྫོང་དུ་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པས་སྲིན་པོ་རིའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ཟབ་སྐྱོད་བྱས་ཏེ“འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ལམ་ཤར་གཏོང”གི་ལས་ཀའི་བྱ་ཐབས་བརྒྱུད་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་དམངས་འདུན་ཉན་པ་དང་། བྲག་སྨུག་མི་དམངས་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་སྐུ་ལྷ་དར་གདོང“འབྲི་ཆུའི་ཆུ་ཐིགས་དང་པོའི”དང་བླངས་སྐོར་སྲུང་རུ་ཁག་ནང་རང་འགུལ་ངང་ཞུགས་ནས་ས་གནས་དེ་གའི་ཏང་ཡོན་དང་བླངས་ཀྱི་སྐོར་སྲུང་རུ་མི་སྐྱེ་ཁམས་ཁྲིམས་སྐྱོང་ཀྱི་སྐོར་སྲུང་འབྲེལ་གཏུག་བའི་འགན་འཁུར་བར་གདན་ཞུ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་སྐྱོང་མཉམ་ཤུགས་གཅིག་སྒྲིལ་བྱས་ཡོད།

    དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་འབྲི་རུ་རྫོང་ལོ་གཅིག་རིང་གི་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད། འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་དབྱར་རྩྭ་དགུན་འབུ་འཐུ་ཁུལ་དུ་བསྐྱོད་པ་དང་ལས་བྱེད་ཉེན་རྟོག་པས་ཐག་རིང་ལུང་ཁུག་ཏུ་སོང་སྟེ། “ཕྱོགས་ཡོངས་ནས་གྲལ་བཤེར་མཐིལ་རྟོགས”ཀྱི་ལས་ཀའི་བྱ་ཐབས་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་རྩོད་གཞི་འདུམ་སྒྲིག་བྱས་ཏེ་མང་ཚོགས་ཚོས་ཁྲིམས་ལྟར་ཉོ་ཚོང་དང་ཉེན་ཁ་འགོག་ཟོན་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། མང་ཚོགས་ཀྱིས“ཁྱིམ་གྱི་སྒོ་འགྲམ་དུ་ཁྲིམས་ར་ཡོད་པས་གནད་དོན་འཕྲད་ཚེ་འཕྲལ་དུ་ཐག་གཅོད་བྱེད་ཐུབ”ཅེས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས།

    ནག་ཆུ་ཁྲིམས་ཁང་གིས“ཧྥུང་ཆའོ་རྣམ་པའི་མི་དམངས་ཁྲིམས་ཁང”གཏོད་རྒྱུ་གོ་སྐབས་སུ་བྱས་པ་དང་། “དིང་གཉིས”ཀྱི་ལས་དོན་དེ“གཙོ་འགན་འཁུར་མཁན”གྱི་འདུ་འགོད་དུ་བརྩིས་ནས། རྒྱུན་ཆད་མེད་པར་གསར་གཏོད་དང་འཚོལ་ཞིབ་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། “དཔྱད་ཞིབ་ནན་པོས་ནུས་ཡུན་འགན་ལེན་བྱས་པ”བརྒྱུད་ཁྲིམས་འཛིན་ཞབས་ཞུས་མི་སེམས་ཀྱི་ཞིང་ས་བརླན་ནས་ཁྲིམས་སྐྱོང་འགན་སྲུང་ཡུན་རིང་རྒྱུན་སྲིང་ཐུབ་པ་དངོས་འབྲེལ་བྱུང་ཡོད། “ཁྲིམས་ཁང་དང་ཁྲིམས་འཛིན་ཁང་མཉམ་སྐྲུན”ལག་ལེན་གྱི“ཀོ་ལུག་གི་ཉམས་མྱོང”དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་འཛུགས་སྐྱོང་གི་དཔེ་མཚོན་ཁག་དྲུག་པར་བདམས་ཡོད།

    རྩྭ་ཐང་གཞི་རྩར་བྱེད་པ་དང་ཚན་རྩལ་འདེགས་སྐྱོར་དུ་བྱས་ནས། སྦྲ་གུར་རེ་རེ་དང་འབྲོག་ར་རེ་རེར་ཁྲིམས་འཛིན་གྱི་དྲོ་སྐྱིད་སྦྱིན་ཡོད། ཁོང་ཚོ་ནི་སྐལ་བཟང་མེ་ཏོག་ལྟར་ས་མཐོར་རྩ་བ་ཚུགས་ནས། མང་ཚོགས་ཀྱི་སྙིང་གཏམ་སེམས་གཏིང་དུ་འཇོག་པ་དང་ཁྲིམས་སྐྱོང་ཀྱི་ས་བོན་བོད་བྱང་ཐང་གི་ས་བབ་མཐོ་ཤོས་སུ་བཏབ་སྟེ་དྲོ་སྐྱིད་ལྡན་ཤོས་ཀྱི་ཁྲིམས་འཛིན་གྱི་ལེའུ་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།