དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

    ​བྱ་ཐབས་སྣ་མང་སྤྱད་དེ་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    ད་ལོ་ཚུན་དུ། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བྱ་ཐབས་སྣ་མང་སྤྱད་དེ་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་ཕྱོགས་ཡོངས་ནས་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་པ་རེད།

    དུས་བཀག་ལྟར་གསལ་ཐོ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྟོགས་དགོས་པ་དང་ཤེས་དགོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དག་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་ཁོངས་སུ་བཅུག་པ་དང་། རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བྱེད་པོའི་འཛིན་གྲྭ་དང་འགོ་ཁྲིད་ལས་བྱེད་པའི་ལས་གནས་བསྐོ་གཞག་གསོ་སྦྱོང་དང་ལས་ཐོག་གསོ་སྦྱོང་གི་ངེས་སྦྱོང་སློབ་ཚན་ནང་བཅུག་པ་རེད།

    ལས་ཁུངས་དང་ཚན་པར“ཁྲིམས་རིག་པ་མཁས་ཅན་བརྒྱ་ཡི་སྙན་ཞུའི་ཚོགས་འདུ་བརྒྱའི”བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཞིང་། ལྗོངས་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་སློབ་ཚན་ཁྲིད་པར་གདན་དྲངས་པ་རེད། གྱོད་དཔེ་དཔྱད་གཞིར་འཛིན་པ་དང་། གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་གསལ་འགྲེལ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། ཁྲིམས་སའི་འདྲི་ཞིབ་ཟུར་ཉན་དང་། ཁྲིམས་ཆད་འཁུར་མཁན་གྱི་མྱོང་བ་ཉན་པ་སོགས་ཁྲིམས་སྐྱོང་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད། འགོ་ཁྲིད་ལས་བྱེད་པར་སྲིད་དོན་ཁྲིམས་བཞིན་སྐྱོང་བ་དང་སྲིད་དོན་གཙང་སྐྱོང་ངང་དབང་ཆ་སྤྱོད་རྒྱུར་དྲན་སྐུལ་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས“བསམ་བློའི་འཛིང་རགས”བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།