དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་དོན་ལུས་རྩལ་འགྲན་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18


    པར་འདི་གཉིས་ནི་ལུས་རྩལ་འགྲན་ཚོགས་འཚོག་ཡུལ་ཡིན་པ།

    ཞོགས་པའི་ཉི་འོད་གངས་ལྗོངས་ས་མཐོར་རབ་ཏུ་འཕྲོས་ཤིང་། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་ཕྱོཌ་བསྡུས་སྦྱོང་བརྡར་བྱེད་སར་སྔ་ས་ནས་མི་ཚོགས་ཀྱིས་ཁེངས་ཏེ་འཁྲུག་ཆ་ཤིན་ཏུ་དོད། “རང་གཤིས་ཞུན་བརྡར་དང་། འཇོན་ཆང་ཆེར་གཏོང་། རྒྱལ་ཁ་ཐོབ་ཆེད”བཅས་བརྗོད་དོན་གཙོ་བོར་བྱས་པའི་དམག་དོན་ལུས་རྩལ་འགྲན་ཚོགས་ཤིག་ཛ་དྲག་ངང་ཚོགས་བཞིན་ཡོད། དཔུང་སྡེ་དེའི་དཔོན་དམག་ཚོས་གྲང་ངར་ལ་མ་འཛེམ་པར་འགྲན་རར་ལུས་སྟོབས་དང་། རྩལ་ནུས། སྙིང་སྟོབས་བཅས་འགྲན་བསྡུར་བྱས་པ་རེད།

    གསར་འགོད་པས་ས་ཡུལ་དངོས་ནས་མཐོང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་རྣམ་གྲངས་ཉི་ཤུ་ལྷག་ཙམ་ཡོད་པ་དེའི་ནང་། དྲག་ཆས་སྤྲས་ནས་བྱེས་བགྲོད་དང་། གཡུལ་སའི་སྲོག་སྐྱོབ། ལག་འབོམ་དབྱུགས་པ་སོགས་ཀྱི་དངོས་འཐབ་རྣམ་གྲངས་ཡོད་པ་མ་ཟད། དམར་འཛིང་འགྲན་རྒོལ་དང་། འཛིན་གྲྭ་དང་ཚོགས་ཆུང་གི་འཐབ་རྩལ་མཉམ་ལས་སོགས་མཉམ་སྡེབ་རྣམ་གྲངས་ཀྱང་ཡོད་པས། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཆ་རྐྱེན་འོག་དཔོན་དམག་ཚོའི་ཕྱོགས་བསྡུས་དམག་འཐབ་ནུས་པར་ཕྱོགས་ཡོངས་ནས་ཞུན་བརྡར་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།