མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་དོན་ལས་དོན་པའི་ཆེད་དོན་གསོ་སྦྱོང་བྱས་པ།
ཏང་དོན་ལས་དོན་གྱི་ལས་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ལས་ཀའི་དཀའ་གནད་སེལ་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ཁང་གི་ཏང་དོན་ལས་དོན་པའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་དོན་ལས་དོན་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་གིས་ཏང་དོན་ལས་དོན་གྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ། སློབ་ཁྲིད་ཀྱི་ནང་དོན་ཇུས་འགོད་ཞིབ་ཚགས་དང་། རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་མཛུབ་ཁྲིད་རང་བཞིན་གཉིས་ཀ་ལྡན་པར་བྱས་པས། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་མངོན་གསལ་དོད་པོ་བྱུང་ཡོད། ཏང་དོན་ལས་དོན་གྱི་ལྟེ་བའི་ལས་རིམ་གྱི་ཚད་ལྡན་ལྷུ་ཚིགས་སུ། སློབ་ཁྲིད་བྱེད་མཁན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་རྩ་བའི་གཞི་འཛིན་སར་བྱས་ཏེ། ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། རི་མོར་བརྟེན་ནས་ལས་རིམ་གསལ་འགྲེལ་དང་གཙོ་གནད་གསལ་སྟོན་བྱེད་པ་སོགས་ཀྱི་ཐད་མཐོང་བྱ་ཐབས་བརྒྱུད། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་རིམ་ཧྲིལ་པོ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་སྒྲིག་འཛུགས་ལག་བསྟར། རྩ་འཛུགས་འཚོ་བའི་ཚོགས་འདུ་འཚོག་པ། ཏང་དངུལ་བསྡུ་བ་དང་བེད་སྤྱོད་དོ་དམ་སོགས་ཀྱི་འགག་རྩའི་ལས་དོན་གྱི་བཀོལ་སྤྱོད་ཚད་གཞི་དང་ཚད་ལྡན་བླང་བྱ་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཏེ། ལྷུ་ཚིགས་ཁག་གི་དོ་སྣང་བྱ་གཞིའི་གནད་འགག་དང་འགན་འཁྲིའི་མཚམས་ཐིག་ཁ་གསལ་བཟོས་ནས། གསོ་སྦྱོང་ལ་ཞུགས་མཁན་ཚོར་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་བཀོལ་སྤྱོད་ཀྱི་གཞི་འཛིན་ས་ཁོང་དུ་ཆུད་ཐུབ་པའི་རོགས་རམ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།