དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉིང་ཁྲི་གྲོང་ཁྱེར་གྱིས“ཁྲིམས་སྐྱོང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག”བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    འདི་ནི“ཁྲིམས་སྐྱོང་སྤྱི་སྤྱོད་རླངས་འཁོར”ཡིན་པ།

    “ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་བསྟར་གཏིང་ཟབ་དང་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་འཛུགས་གཏོད་ལ་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་མཉམ་དུ་བཏོད་པའི་ཉིང་ཁྲི་གྲོང་ཁྱེར་གྱི“ཁྲིམས་སྐྱོང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག”ཉེ་ཆར་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། སྐོར་སྐྱོད་ཁྲིམས་སྐྱོང་གི་མཛེས་ལྗོངས་ལམ་ཐིག་ཅིག་ཏུ་གྱུར་ཡོད།

    “ཁྲིམས་སྐྱོང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག”གིས་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་སྒྲོམ་གྱི་ཕྱི་ངོས་སུ་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སྦྱར་ཡིག་དང་པར་རིས་སྦྱར་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་གྲོང་མི་ཚོའི་རྒྱུན་ལྡན་གྱི་འགྲོ་སྐྱོད་ཁྲོད་མངོན་པར་བྱས་ཡོད། གྲོང་མིས་རླངས་འཁོར་སྒུག་པ་དང་རླངས་འཁོར་ནང་སྡོད་རིང“མགོ་ཡར་བཀྱག་པ་ན་མཐོང་ཐུབ་པ་དང་། ལག་པས་རེག་ཐུབ་པ། རྟགས་བཤེར་བྱས་ན་སྦྱོང་ཐུབ་པ”བཅས་བྱས་ཏེ། ཁྲིམས་སྐྱོང་གི་སྙིང་སྟོབས་ངང་གིས་ཚོར་བ་དང་། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོའི་ཁྲོད་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་ཕྱིན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གྲོང་མིའི་རྒྱུན་གཏན་འཚོ་བར་འབྲེལ་མཐུད་གཏིང་ཟབ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།