དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • “ཉེན་རྟོག་པ་རྫུས་མས”འཁོར་བདག་ལ་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་པ།

    ཉེན་རྟོག་པས་ས་ཁུལ་བསྒྲལ་ནས་ཁྲམ་པ་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    2025ལོའི་ཟླ་9ཚེས་4ཉིན་གྱི་ཆུ་ཚོད་18པ་ཙམ་ལ། སྣེ་གདོང་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་གནོད་འཚེ་ཕོག་པའི་ཀྲའེ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་དོན། ཁོང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བདལ་གཏོང་རླངས་འཁོར་གཏོང་རིང་། “རྫོང་ཆེ་གེ་མོའི་སྤྱི་བདེ་ཅུས་ཀྱི་ལས་དོན་པ”ཡིན་ཟེར་མཁན་སྐྱེས་པ་ཞིག་ངོ་ཤེས་པ་དང་། སྐྱེས་པ་དེས“འཁོར་རིགས་སྒྲིག་འགལ་གྱི་གནས་ཚུལ་ཐག་གཅོད་བྱེད་རོགས་བྱེད་ཐུབ”པར་ཁ་གཡར་ནས“སྐར་མ་འཐེན་མི་དགོས་པ་དང་ཐད་ཀར་སྒྲིག་འགལ་མེད་པར་བཟོ་ཐུབ”པའི་ལས་སྒྲུབ་ཐབས་ལམ་རྫུན་བཟོ་བྱས་ཏེ། ཀྲའེ་ཆེ་གེ་མོར་མགོ་སྐོར་བཏང་ནས་མི་དམངས་ཤོག་སྒོར་4000ཁོ་པའི་རྩིས་ཁོངས་སུ་སྒྱུར་དུ་བཅུག ཕྱིས་སུ་ཀྲའེ་ཆེ་གེ་མོས་འཁོར་རིགས་སྒྲིག་འགལ་ཐག་གཅོད་བྱས་མེད་པའི་ཁར་སྐྱེས་པ་དེར་འབྲེལ་གཏུག་བྱེད་མི་ཐུབ་པས། མགོ་སྐོར་འོག་ཏུ་ཚུད་པ་ཤེས་ནས་སྙན་སེང་ཞུས་པ་རེད།

    སྙན་སེང་འབྱོར་རྗེས། སྣེ་གདོང་ཡན་ལག་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་དུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས“གནས་ཚུལ་བཀོད་འདོམས་བྱ་སྤྱོད”བཀོད་འཐབ་ལྟེ་གནས་དང་མཉམ་དུ་ཆེད་དོན་གྱོད་དོན་ཚོགས་ཆུང་བཙུགས་ཏེ་མྱུལ་ཞིབ་བྱས་ཡོད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བཅར་འདྲི་གྲལ་བཤེར་དང་ཁུངས་སྣེ་རྩད་གཅོད་བྱས་ཏེ་ཉེས་གསོག་དོགས་ཅན་ཁོང་ཆེ་གེ་མོ་གཏན་འཁེལ་བྱས་ཤིང་། ཟླ་10ཚེས་29ཉིན། འཛིན་བཟུང་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་བོགས་གཏོང་ཁང་པ་ཞིག་ནས་ཁོང་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།