ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་གྱི་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ཁྲིམས་ར་འཚོགས་ནས་ལས་རྨས་ཀྱི་འགན་བཅོལ་ཐོབ་ཐང་ངོས་འཛིན་གྱི་སྲིད་འཛིན་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་པར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ་220ལྷག་ཙམ་ཟུར་ཉན་ནང་ཞུགས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གྱོད་གཞི་དེ་ནི་ཀུང་སི་ག་གེ་མོ་ཞིག་གིས་ཝང་ཆེ་གེ་མོའི་ལས་རྨས་ཀྱི་མི་སྤྱི་ཅུས་ཀྱི་ངོས་འཛིན་ཐག་གཅོད་དང་ལེན་མ་བྱས་པ་ལས་བྱུང་བའི་སྲིད་འཛིན་གཏུག་བཤེར་ཞིག་ཡིན་པ་དང་། ཁྲིམས་རར་འདྲི་གཅོད་བྱེད་སྐབས། མཉམ་གྲོས་ཁྲིམས་ཁང་གིས་ཀུང་སི་དེས་བཏོན་པའི“ལས་རྨས་ངོས་འཛིན་གྱི་དོན་དངོས་ཀྱི་གཞི་འཛིན་ས་མི་འདང་བ”སོགས་ཀྱི་རྩོད་གླེང་གི་གནད་འགག་ལ་དམིགས་ནས། “ཕྱོགས་གསུམ་པ་ཝང་ཆེ་གེ་མོ་ལས་ཡུལ་དུ་རྨས་སྐྱོན་ཕོག་པ《ལས་རྨས་འགན་བཅོལ་སྲོལ་ཡིག》གི་ངོས་འཛིན་བྱ་ཚུལ་དང་མཐུན་མིན་སོགས་ཀྱི་འགག་རྩའི་གནད་དོན་ཐད་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་རའི་བརྟག་དཔྱད་དང་། དཔང་ལེན་དཔང་སྒྲུབ། ཁྲིམས་རའི་རྩོད་གླེང་བཅས་སྒྲིག་འཛུགས་བྱས་ཤིང་། ཁྲིམས་རའི་འདྲི་གཅོད་ཀྱི་གོ་རིམ་ནན་པོ་དང་ཚད་ལྡན་བརྒྱུད། གྱོད་གཞིའི་དོན་དངོས་དང་། བཅའ་ཁྲིམས་ཀྱི་འགན་འཁྲི། བྱ་སྤྱོད་ཀྱི་ཚད་གཞི། ཁྲུན་གཅོད་ཀྱི་ཚད་གཞི་སོགས་སྲིད་འཛིན་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་གཙོ་བོ་སྔར་བས་གསལ་འབྱེད་བྱས་པས། སྲིད་འཛིན་ལས་ཁུངས་དང་སྲིད་འཛིན་ཁ་གཏད་པར་བཅའ་ཁྲིམས་ཤེས་རྟོགས་གང་ལེགས་དང་། ཁྲིམས་ཤེས་པ། བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་བཅས་ཐུབ་ནས་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་ཏན་ཏིག་དང་དོ་བདག་གི་གཏུག་བཤེར་ཁེ་དབང་འགན་སྲུང་གང་ལེགས་བྱུང་བ་དང་སྦྲགས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བས་ཁྲིམས་རའི་འདྲི་གཅོད་ཁྲོད“ཁྲིམས་རར་ཞུགས་པ་དང་སྐད་ཆ་ཤོད་ཐུབ་པའང”བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།