དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མི་ལོ་རེ་ལྔ་མཐའ་མཚམས་སྲུང་། ཟོལ་མེད་དམ་བཅའ་ལག་ལེན་བསྟར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2025-11-15

    འདི་ནི་འཁོན་རྒྱལ་སོ་ལྟ་ཁང་གི་དཔོན་དམག་ཚོ་འཐབ་ས་དང་པོར་བསྐྱོད་དེ་སྐོར་ཞིབ་བྱེད་བཞིན་པ།

    འདི་ནི་འཁོན་རྒྱལ་སོ་ལྟ་ཁང་གི་སོ་ལྟའི་ཐོག་ཁང་གསར་པའི་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ།

    འདི་ནི་འཁོན་རྒྱལ་སོ་ལྟ་ཁང་གི་དཔོན་དམག་ཚོ་སྐོར་ཞིབ་དམིགས་སའི་གནས་ཐིག་ཏུ་སླེབས་རྗེས་ས་མཚམས་རྡོ་རིང་ཐོག་གི་ཡི་གེར་མཚལ་དམར་བྱུགས་ནས་གསལ་དུ་གཏོང་བཞིན་པ།

    འཁོན་རྒྱལ་སོ་ལྟ་ཁང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་གནས་ཡོད་ལ། སོ་ལྟ་ཁང་དེའི་མཐའ་འཁོར་གྱི་ཆ་སྙོམས་ས་བབ་སྨི་4900ཙམ་ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་5ཡང་ཟིན་གྱི་མེད་པ་དང་ལོ་གཅིག་དུས་བཞི་དབྱར་ཁ་མིག་གིས་མཐོང་རྒྱུ་མེད་པར་སྟོན་དཔྱིད་འབྲེལ་ཏེ་ལོ་ལྟར་ཟླ་བ་5ཙམ་རིང་གངས་ཆེན་པོ་བབས་ཏེ་རི་རྒྱ་སྡོམ་གྱི་ཡོད། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་རྐྱེན་གྱིས་དེ་གར་སྐབས་ཤིག་རིང“སྲོག་གནས་དཀའ་ཁུལ”དུ་བརྩི་གི་ཡོད། རྩི་ཤིང་སྐྱེ་དཀའ་ལ་མེ་ཏོག་དེ་བས་ཀྱང་མཐོང་དཀོན། 1960ལོར་མཐའ་སྲུང་དཔོན་དམག་ཁག་དང་པོ་བཅའ་སྡོད་བྱས་པ་ནས་བཟུང་དཔོན་དམག་མི་རབས་མང་པོས་སོ་ལྟ་ཁང་དུ་གཞི་ཚུགས་ཏེ། ལང་ཚོ་སྐྱེས་སུ་ཕུལ་ནས་མེས་རྒྱལ་ལྷོ་ནུབ་ཀྱི་རྒྱལ་སྒོ་བསྲུངས་པས། འཁོན་རྒྱལ་སོ་ལྟ་ཁང་ལ་ལྷོ་ནུབ་ཀྱི་མདུན་ཕྱོགས་སོ་ལྟ་ཁང་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད།

    ལོ་65ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོར་མཚོན་ན་དུས་ཐུང་ཡིན་རུང་སོ་ལྟ་ཁང་གི་དཔོན་དམག་ཚོར་མཚོན་ན་དེ་ནི་ས་མཐོར་བརྟན་སྲུང་དང་ཟོལ་མེད་མཐའ་སྲུང་གི་ལོ་ཟླ་ཧ་ཅང་རིང་མོ་ཞིག་རེད། འཁོན་རྒྱལ་དུ་སླེབས་ཚེ། ཁྱེད་ཀྱིས་ཁ་བ་བུ་ཡུག་ཁྲོད་ནས་ཁོང་ཚོས་མེས་རྒྱལ་ལ་ཕུལ་བའི་དམ་བཅའ་བརྟན་པོ་ཐོས་ཐུབ།

    རྒྱལ་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་བ་དེ་ནི་འཐབ་འཛིང་པ་ཚོའི་སེམས་ཁོངས་ཀྱི་ཆེས་འགྱུར་བ་མེད་པའི་དམ་བཅའ་ཡིན་པ།

    མཐའ་མཚམས་སུ་བསླེབས་ཚེ་ཁ་དོག་མཛེས་ཤོས་ནི་དམར་པོ་ཡིན།

    གཟའ་ཟླ་བའི་ཞོགས་པར། ནམ་མ་ལངས་གོང་ནས་ཤཱ་ཧྲི་དམག་མི་ཉི་མ་དབང་རྒྱལ་མལ་ལས་ལངས་ནས་གྲ་སྒྲིག་བྱས་ཚར་ཡོད། ཁོང་ནི་སོ་ལྟ་ཁང་དེའི་རྒྱལ་དར་སྒྲེང་མཁན་ཡིན། དེ་གར་རྒྱལ་དར་སྒྲེང་བ་ནི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན་ལ་དེ་དང་ལྷན་དུ་ཉེན་ཁ་ཡང་གནས་ཡོད།

    ཉི་མ་དབང་རྒྱལ་2021ལོར་དམག་ཁོངས་སུ་ཞུགས་ཤིང་སློབ་གྲྭ་ཆེ་མོ་བའི་དམག་མི་ཞིག་ཡིན། གཟུགས་པོའི་རིང་ཚད་ལ་སྨི་1.86ཡོད་པས་སོ་ལྟ་ཁང་དེའི་དཔོན་དམག་ཁྲོད་ཀྱི་གཟུགས་པོ་ཆེ་ཤོས་དེ་ཡིན། སོ་ལྟ་ཁང་དུ་རྒྱལ་དར་སྒྲེང་བའི་ལས་འགན་ཡོད་པ་ཤེས་རྗེས་རང་འགུལ་ངང་མིང་ཐོ་བཀོད་ཡོད།

    རྒྱལ་དར་སྒྲེང་མཁན་ཡག་པོ་ཞིག་བྱེད་ཆེད། ཉི་མ་དབང་རྒྱལ་གྱིས་རྒྱུན་དུ་ཕྱི་རོལ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད་པས། སྔོན་ཆད་མཐོ་སར་འཛེགས་མི་ཕོད་ཀྱང་ལས་འགན་ཐེངས་མང་བསྒྲུབས་རྗེས་བློ་ཁོག་ཆེན་པོས་དེའི་སྟེང་དུ་འཛེགས་ནུས་མཁན་ཞིག་ཏུ་གྱུར།

    ཞོགས་པའི་ཆུ་ཚོད་བརྒྱད་པར། རི་རྩེར་ཉི་འོད་འཕྲོས་པ་དང་བསྟུན་ནས་སོ་ལྟ་ཁང་གི་སྐར་ལྔའི་དར་དམར་དུས་ཐོག་ཏུ་སྒྲེང་གི་ཡོད། འཐབ་འཛིང་པ་ཚོས་སྐད་གསེང་མཐོན་པོས་མགྲིན་གཅིག་ཏུ་རྒྱལ་གླུ་བླངས་པས་གླུ་སྒྲ་རི་ཀླུང་ཀུན་ཏུ་གྲགས། གངས་དཀར་གྱི་འོད་མདངས་ལས་རྒྱལ་དར་གྱི་བཀྲག་མདངས་དེ་བས་འཚེར། དེ་ནི་འཐབ་འཛིང་པ་ཚོའི་སེམས་ཁོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཚོན་མདོག་དེ་ཡིན། ཐེངས་འདིའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཐོག དམིགས་བསལ་གྱི“སྐུ་མགྲོན”ཞིག་ཕེབས་ཡོད། ཁོང་ནི་ལོ་90ལ་སླེབས་པའི་རན་ལུང་ཅུན་རེད། ཁོང་ནི་སོ་ལྟ་ཁང་ཐོག་མར་འཛུགས་སྐབས་ཀྱི་དཔང་པོ་བྱེད་མཁན་ཞིག་ཡིན། བརྙན་ལམ་སྦྲེལ་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་དང་། རྒྱལ་དར་བསྒྲེངས་པ་མཐོང་རྗེས་ཁོང་གི་མིག་ལ་མཆི་ཞག་འཁོར། 1960ལོར། དཔོན་དམག་100ལྷག་བཀའ་ལྟར་འཁོན་རྒྱལ་དུ་བཅའ་སྡོད་བྱས་ནས་མཐའ་སྲུང་རུ་ཁག་ཐོག་མ་བཙུགས་ཤིང་། རན་ལུང་ཅུན་ནི་རུ་ཁག་དེའི་རུ་མི་ཡིན་པ་རེད།

    ལོ་65ཡི་རིང་། གནམ་གཤིས་བཟང་ངན་ཅི་འདྲ་ཞིག་བསྟན་རུང་དུས་དང་རྣམ་པ་ཀུན་དུ་སྐར་ལྔའི་དར་དམར་ལྷབ་ལྷབ་ཏུ་གཡོ་བར་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་མཐའ་མཚམས་སྲུང་བའི་དད་སེམས་ཐོག་མཐའ་བར་གསུམ་དུ་འགྱུར་མྱོང་མེད། ཟོལ་མེད་ཀྱི་ལྷག་བསམ་དེ་མཐའ་སྲུང་བ་མི་རབས་མང་པོའི་ཁྲག་རྒྱུན་དུ་འདྲེས་པའི་ཁྱིམ་ཞེན་རྒྱལ་ཞེན་ལས་བྱུང་བ་ཞིག་རེད། རན་ལུང་ཅུན་གྱི་མི་རབས་དེའི་དཔོན་དམག་ཚོས་ཐང་རྒོད་ཁྲོད་རྒྱལ་དར་དང་པོ་དེ་བསྒྲེངས་པ་ནས་ཉི་མ་དབང་རྒྱལ་སོགས་དཔོན་དམག་ཚོས་གངས་རླུང་ཁྲོད་དུ་བསྒྲེངས་པའི་རྒྱལ་དར་རེ་རེའི་བར་དང་། སོ་ལྟ་ཁང་བསྐྲུན་མ་ཐག་པའི“ངལ་བ་ཁྱད་དུ་བསད་པའི”འབད་འཐབ་ནས་ད་ཆའི“རྦད་དེ་སྟོབས་ཤུགས་ཀྱིས་ཁེངས་པའི”བརྟན་སྲུང་བར་གྱི་ལྷག་བསམ་དེ་གངས་རིའི་རྩེ་མོའི་ནམ་ཡང་འགྱུར་བ་མེད་པའི་རྒྱལ་དར་ཐོག་ནས་མངོན་ལ། འཐབ་འཛིང་པ་ཚོས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་དམ་བཅའ་ལག་ལེན་བསྟར་བའི་ཁྲོད་ནས་ཀྱང་མངོན་ཡོད།

    མཐའ་མཚམས་འགག་སྒོ་ལམ་ཐག་རིང་རུང་བརྟན་སྲུང་བྱས་པས་ལང་ཚོར་དེ་བས་དོན་སྙིང་ལྡན་པ།

    མཐའ་མཚམས་འགག་སྒོར་སླེབས་མྱོང་མེད་ཚེ་དེ་གའི་ལམ་གཟར་པོ་ཡོད་མིན་རྟོགས་མི་ཐུབ།

    ཉིན་གུང་གསར་འགོད་པ་དཔོན་དམག་ཚོ་དང་མཉམ་དུ་སྐོར་ཞིབ་ལམ་བུར་བསྐྱོད།

    ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་སྐོར་ཞིབ་ཡན་ལག་རུ་ཁག་བྲག་རྡོ་ཆེན་པོ་ཞིག་གི་མདུན་དུ་འབྱོར་ཞིང་། དཔོན་དམག་ཚོས་བྱེ་རིལ་དང་སྐོར་ཞིབ་ལམ་ནས་བཏུས་པའི་མེ་ཏོག་རྣམས་བྲག་རྡོ་དེའི་ཐོག་བཞག “པན་ཀྲང་ལགས། ང་ཚོ་ཁྱེད་རང་ལ་ལྟ་བར་ཡོང་བ་ཡིན”ཚང་མས་སྒམ་ནན་ངང་མེ་མདའ་བཟུང་ནས་གུས་འདུད་ཞུས། བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར། ལོ་30ལྷག་ཙམ་གོང་། པན་ཤོག་གཉིས་པའི་པན་ཀྲང་གཞོན་པ་ལུའུ་ཡུང་ཀང་གིས་ཆམ་ནད་དྲག་མ་ཐག དཔོན་དམག་གསར་པ་ཚོའི་རུ་སྣེ་ཁྲིད་དེ་སྐོར་ཞིབ་བྱེད་པར་བསྐྱོད། ལམ་བར་ལ་གློ་བུར་དུ་ཁ་བ་བུ་ཡུག་འཚུབ་པ་མ་ཟད། ཁོང་ལ་ལ་དུག་བརྒྱབ་ནས་གློ་བར་ཆུ་བསགས་པས་གྲོངས་པ་རེད། དུས་དེ་ནས་བཟུང་སྐོར་ཞིབ་ལམ་དེར་སླེབས་རིམ་བཞིན་དཔོན་དམག་ཚོས་ཁོང་ལ་རྗེས་དྲན་ཞུ་གི་ཡོད་ཅེས་བཤད།

    སླར་ཡང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས་བསོད་ནམས་བཀྲ་ཤིས་ཀྱིས་མདུན་དུ་བསླངས་པའི་རྡོ་རིང་དེར་མཛུབ་མོ་འཛུགས་བཞིན“འདི་ས་མཚམས་རྡོ་རིང་རེད”ཅེས་བཤད།

    ཧོ་ཞན་ཧྥེང་གིས་རྡོ་རིང་ངོས་ཀྱི་ཐལ་བ་ག་ལེར་ཕྱིས། ལོ་གསུམ་གྱི་གོང་། གྲོང་ཁྱེར་ཆེན་པོ་ནས་ཡོང་བའི་སློབ་གྲྭ་ཆེ་མོ་བ་དེས་མི་ཁག་གཅིག་གིས་རང་ཉིད་ཀྱི་གཞོན་དུས་ཀྱི་ལང་ཚོ་ཡག་ཤོས་དེ་ས་ཆ་སྐྱོ་པོ་དེ་འདྲར་འབུལ་དགོས་དོན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཁོང་གིས་སོ་ལྟ་ཁང་གི་གཟི་བརྗིད་ཁང་ནས་ལུའུ་ཡུང་ཀང་གི་ཚོས་ལོག་པའི་འདྲ་པར་རྙིང་པ་དེ་མཐོང་བ་དང་། སྐོར་ཞིབ་ལམ་དུ་དམག་མི་རྒན་གྲས་ཀྱི་ལག་ནས་མེ་མདའ་ལེན་པ། ས་མཚམས་རྡོ་རིང་དེར་ཐེངས་དང་པོ་རེག་པ་བཅས་ལས་དེའི་དོན་སྙིང་གཞི་ནས་གསལ་པོར་རྟོགས། ཁོང་གིས“ངས་རང་ཉིད་ཀྱི་ལང་ཚོ་དེ་མཐའ་མཚམས་སྲུང་སྐྱོང་ལ་ཕུལ་བས་གྲོང་ཁྱེར་ནང་བསྡད་པ་ལས་རིན་ཐང་ཧ་ཅང་གིས་ཆེ་བ་འདུག”ཅེས་བཤད།

    འཁོན་རྒྱལ་སོ་ལྟ་ཁང་དུ“གངས་རིའི་རྩེ་མོར་མཐའ་མཚམས་རྣམ་དག་སྲུང་། ལང་ཚོའི་མེ་ཏོག་སོ་ལྟ་ཁང་དུ་བཞད”ཅེས་པའི་སྦྱར་ཚིག་གཉིས་ཧ་ཅང་མངོན་ཆེ་ཞིང་། ཧོ་ཞན་ཧྥུང་གིས“འཁོན་རྒྱལ་དུ་མེ་ཏོག་མཐོང་རྒྱུ་མེད་རུང་། གལ་སྲིད་ཁྱེད་ཀྱིས་ཉམས་ཞིབ་ཡག་པོ་བྱས་ཚེ་དེ་གར་རབ་ཏུ་བཞད་པའི་ལང་ཚོའི་མེ་ཏོག་གིས་ཁེངས་ཡོད། གང་ལགས་ཤེ་ན། དཔོན་དམག་ཚོས་ཟོལ་མེད་ཀྱི་བརྩེ་བ་མེས་རྒྱལ་གྱི་མཐའ་མཚམས་ས་ཁུལ་དུ་བཅངས་པས་ཟོལ་མེད་ཀྱི་མེ་ཏོག་ཀྱང་དེ་གར་རབ་ཏུ་བཞད་ཡོད”ཅེས་བཤད།

    སོ་ལྟ་ཁང་བཙུགས་པ་ནས་བཟུང་དཔོན་དམག་མི་རབས་མང་པོས་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོའི་དམ་བཅའ་ལག་ལེན་བསྟར་ཞིང་། སོ་ལྟ་ཁང་གིས་ལས་འགན་ཁག་མང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པས་མཉམ་སྡེབ་བྱས་རྗེས་རིམ་པ་དང་པོ་ཐེངས་1དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་2 རིམ་པ་གསུམ་པ་ཐེངས་3བཅས་རག་པ་མ་ཟད། ཐེངས་10ལྷག་ཙམ་སྔོན་ཐོན་ཚན་པར་བདམས་ཡོད་པ་རེད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”དེ་དྲོ་སྐྱིད་ལྡན་པའི་མཐའ་སྲུང་ཁུལ་དུ་གྱུར་པ།

    གསར་འགོད་པས་སོ་ལྟ་ཁང་དུ་བཅར་འདྲི་བྱེད་སྐབས་ཟོག་འདྲེན་རླངས་འཁོར་སྔོ་ཚལ་སྐྱེལ་བར་ཡོང་བ་དང་ཏག་ཏག་འཁེལ། ཁ་ལོ་བ་ཀྲང་ཞུའེ་ཅུན་གྱིས་ང་ཉིན་གསུམ་ལ་སྔོ་ཚལ་ཐེངས་རེ་སྐྱེལ་བར་ཡོང་ནས་སོ་ལྟ་ཁང་གི་སྔོ་ཚལ་སོས་པ་མཁོ་འདོན་འདང་ངེས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

    གསར་འགོད་པས་ཚལ་དབོར་མཁན་དཔོན་དམག་ཚོའི་རྗེས་སུ་འབྲང་སྟེ་སོ་ལྟ་ཁང་གི་མཛོད་ཁང་ནང་འཛུལ་སྐབས་དེ་གར་སུར་པན་དང་ཆེ་ཙི་སོགས་སྔོ་ཚལ་སྣ་ཚོགས་གྲལ་སྟར་འགྲིག་པོར་བཞག་པ་དང་འཁྱགས་སྒམ་ནང་ཤ་རིགས་གྲབས་གསོག་འདང་ངེས་ཡོད་པ་མ་ཟད། ད་དུང་ལེ་དབར་སྟོང་གི་ས་ནས་དབོར་ཡོང་བའི་ཉ་གསོན་པོ་དང་སྡིག་སྲིན་ཡང་འདུག

    “ད་ཆ་མངགས་ཐོ་བཀོད་མ་ཐག་ཉིན་3ནང་ཚུན་དུ་སྐྱེལ་ཐུབ་པ་མ་ཟད། སྔོ་ཚལ་གྱི་སྣ་ཁ་མང་ལ་སོས་པ་ཡང་རེད་འདུག དེ་སྔ་དགུན་དུས་ལམ་ཡག་པོ་མེད་པས་དངོས་ཟོག་སྐྱེལ་ཁག་པོ་ཡོད། ད་ཆ་སྣུམ་ནག་ལམ་སོ་ལྟ་ཁང་བར་ཤར་གཏོང་ཐུབ་པས་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་གང་ལེགས་ཐུབ་ཡོད”ཅེས་གཉེར་པ་ཀྲོའུ་ཡེ་ཡིས་བཤད།

    “སྔོ་ཚལ་མངག་པ་ཕུད། སོ་ལྟ་ཁང་སོ་སོས་ཀྱང་སྔོ་ཚལ་འདེབས་ཀྱི་ཡོད། དེ་སྔ་དྲོད་ཁང་ཆེན་པོར་ཟླ་7པ་ནས་9པའི་བར་མ་གཏོགས་སྔོ་ཚལ་འདེབས་ཐུབ་ཀྱི་མེད། ད་ཆ‘རྩི་ཤིང་བཟོ་ཁང’ཡོད་པས་དཔོན་དམག་ཚོ་ཉིན་ལྟར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད”ཅེས་ཀྲོའུ་ཡེ་ཡིས་བཤད། རྩི་ཤིང་བཟོ་ཁང་ནང་སྔོ་ཚལ་སྣ་ཁ་10ལྷག་ཙམ་གྱི་སྐྱེ་འཚར་ལེགས། ལག་རྩལ་པ་བློ་བཟང་རྡོ་རྗེས་འདི་གར་ས་མེད་འདེབས་ལས་ལག་རྩལ་སྤྱད་དེ་གློག་ཀླད་ཀྱིས་འོད་འཕྲོ་དང་བཞའ་ཚན་སོགས་ཀྱི་དཔྱད་གྲངས་ཚོད་འཛིན་བྱས་ནས་སྔོ་ཚལ་སྐྱེ་འཚར་གྱི་དུས་འཁོར་ཐུང་དུ་བཏང་བས་ལྗང་བུ་གསོ་བ་ནས་སྨིན་པའི་བར་ཉིན་20ལྷག་ཙམ་ལས་འགོར་གྱི་མེད་ཅེས་ངོ་སྤྲོད་བྱས།

    གསར་འགོད་པ་རྩི་ཤིང་བཟོ་ཁང་ནས་དོན་སྐབས་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་ཐོས་པ་དང་དེའི་ཕྱོགས་སུ་བསྐྱོད་པ་ན་རིག་གནས་ལུས་རྩལ་ལྟེ་གནས་ཤིག་ཏུ་སླེབས། སྒོ་ཕྱེ་ནས་ལྟ་སྐབས་དེའི་ནང་དཔོན་དམག་འགའ་ཞིག་གིས་ལུས་སྦྱོང་ཡོ་བྱད་སྤྱད་དེ་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་དེར་ད་དུང་སྒྲོམ་སྟེགས་སྤོ་ལོ་སོགས་ཀྱི་སྒྲིག་བཀོད་ཀྱང་ཡོད་པ་མཐོང་བྱུང་།

    “2020ལོའི་ལོ་མཇུག་ཏུ་སོ་ལྟ་ཁང་དུ་རྒྱལ་ཁབ་གློག་དྲ་སྦྲེལ་མཐུད་བྱས་ནས་ལོ་60ཡི་རིང་གློག་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། གློག་ཤར་གཏོང་ཐུབ་པས་སྒྲིག་བཀོད་དང་གློག་ཆས་དེ་བས་མང་བ་སོ་ལྟ་ཁང་དུ་སྒྲིག་སྦྱོར་བྱས་པས་དཔོན་དམག་གི་ལས་ཞོར་འཚོ་བའང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ན་ནིང་གསར་དུ་བསྐྲུན་པའི་རིག་གནས་ལུས་རྩལ་བྱེད་སྒོ་ལྟེ་གནས་སུ་ད་དུང་གློག་བརྙན་ཁང་བཟོས་ཡོད་པས་མཐའ་སྲུང་གི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་བཤད།

    གློག་དང་། ལམ། དྲ་རྒྱ་བཅས་ཤར་གཏོང་ཐུབ་པས་དེ་སྔའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཡིན་པའི་འཁོན་རྒྱལ་སོ་ལྟ་ཁང་དེ་ད་ཆ་དྲོ་སྐྱིད་ལྡན་པའི་མཐའ་སྲུང་ཁུལ་དུ་གྱུར་ཞིང་། དམག་སྒར་གསར་པ་གཙང་ལ་དཀར་ཆ་དོད་པ་དང་སྒྲིག་ཆས་སྣ་ཚོགས་གང་དགོས་འཛོམས་ཡོད། ཁང་པའི་ནང་གསོ་རླུང་མཁོ་འདོན་འཕྲུལ་ཆས་སྒྲིག་སྦྱོར་བྱས་པ་དང་། ཟ་མ་འཚོ་བཅུད་ལྡན་པ། ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་ལ་སོགས་དཔོན་དམག་ཚོའི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། གཞུང་ལམ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་བསྟུན་ནས་འགན་སྲུང་བྱེད་སྟངས་གསར་པ་རིམ་བཞིན་ས་མཐོའི་དཔོན་དམག་གི་འཚོ་བའི་ཁྲོད་དུ་ཁྱབ་ཡོད་ལ། ཚན་རྩལ་ཡང་རྒྱུན་ལྡན་གྱི་ལས་འགན་ལག་བསྟར་བྱེད་པའི་ཁྲོད་དུ་སྤྱོད་བཞིན་ཡོད།

    སྐོར་ཞིབ་ལས་རེས་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། “མི་དང་། རླངས་འཁོར། བརྙན་ལམ། མི་མེད་གནམ་གྲུ་བཅས་ཀྱི་སྐོར་ཞིབ་ཟུང་དུ་འབྲེལ་བའི”རྣམ་པ་དེ་སྐོར་ཞིབ་ཀྱི་རྒྱུན་རྣམ་དུ་གྱུར་ཡོད།

    སོ་ལྟ་ཁང་གི་ལྡིར་སོ་སྤྲོས་ཆས་ལས་རེས་ཁང་དུ་AIངོས་བཟུང་མ་ལག་གིས་ཉེན་བརྡ་བཏང་མ་ཐག་ནུང་ཧྲེང་ཀོན་གྱིས་བརྙན་ཤེལ་སྟེང་ནས་ནུབ་རིའི་ཟུར་གྱི་ལྕགས་དྲའི་ཁུལ་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲོག་པ་ཞིག་གིས་ནོར་ཁྱུ་འདེད་ནས་ས་མཚམས་ལས་བརྒལ་རྩིས་བྱེད་པ་མཐོང་། ཁོང་གིས་མྱུར་དུ་གནས་ཚུལ་སྙང་སེང་ཞུས་པ་དང་འབྲེལ་ས་གནས་ལས་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་བྱས། རིམ་པ་གཉིས་པའི་ཧྲང་ཧྲི་དམག་མི་ཝང་སི་ཁྲེང་གིས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་ཏེ་ཡུལ་དངོས་སུ་བཏང་ནས་རབ་གསལ་བརྙན་པར་བསྐུར་ཡོང་བ་མ་ཟད། འབོད་བརྡ་གཏོང་ཆས་སྤྱད་ནས་འབྲོག་པ་དེར་རྒྱལ་མཚམས་སྒྲོལ་མི་ཆོག་པའི་ཁ་ཏ་བྱས། སྐར་མ་བཅུ་ལྷག་ཙམ་གྱི་རྗེས་སུ་ཉེན་བརྡ་བསལ་བ་རེད།

    “མི་ཤུགས”ནས“ཚན་རྩལ་ཅན”བར་མཐའ་སྲུང་ལས་སྒྲུབ་བྱེད་སྟངས་ཟམ་མི་ཆད་པར་རིམ་སྤོར་བྱུང་ཡོད། ལྡིར་སོ་སྤྲོས་ཆས་བརྙན་ཤེལ་ཆེན་པོའི་འོད་མདངས་དེ་2000ལོའི་རྗེས་སྐྱེས་ཀྱི་དམག་མི་གསར་པ་བསོད་ནམས་རྒྱལ་མཚན་གྱི་ཆུང་བཟོ་དོད་ལ་ཞུམ་པ་མེད་པའི་ངོ་གདོང་ཐོག་འཕྲོ་ཞིང་། སོ་ལྟ་ཁང་དུ་སླེབས་མ་ཐག་པའི་སློབ་གྲྭ་ཆེ་མོ་བའི་དམག་མི་དེས་བློ་རྩེ་གཅིག་སྒྲིམ་གྱིས་མི་མེད་གནམ་གྲུའི་ཚོད་འཛིན་ལས་སྟེགས་བཀོལ་སྤྱོད་བྱེད་སྟངས་སྦྱོང་བར་གཞོལ་བཞིན་ཡོད།

    ས་རུབ་ལ་ཉེ་བའི་སྐབས་སྒེའུ་ཁུང་ཕྱི་རོལ་གྱི་མི་མེད་གནམ་གྲུའི་གློག་སྒྲོན་སྐར་ཚོགས་བཞིན་དུ་རྣམ་པར་བཀྲ་བ་དང་དེ་སོ་ལྟ་ཁང་དུ་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་དང་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་ཡོད། བསོད་ནམས་རྒྱལ་མཚན་གྱིས་ཉིན་ཐོར“དམག་སྟོབས་ཆེ་རུ་གཏོང་བའི་རྒྱང་ལམ་དུ་ང་རང་ཚན་རྩལ་སོ་ལྟ་ཁང་འདིའི་མིང་དོན་མཚུངས་པའི་སོ་ལྟ་བ་ཡག་པོ་ཞིག་བྱེད་འདོད་ཡོད་ལ། གངས་ལྗོངས་མཐའ་མཚམས་ཀྱི་ཆེས་ལྷག་བསམ་རྣམ་དག་གི‘ས་མཚམས་རྡོ་རིང’ཞིག་དེ་བས་ཀྱང་བྱེད་འདོད”ཅེས་བྲིས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།