དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྒྱུར་ཚད་ལྡན་བཟོས། དྲང་བདེན་ལེགས་པར་སྐྱོང་།

    འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་སྒྱུར་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    འདི་ནི་འབྲི་རུ་རྫོང་སྤྱི་བདེ་ཅུས་ཁྲིམས་ལུགས་ཁོའོ་ཡི་མི་དམངས་ཉེན་རྟོག་པས་ཁྲོམ་གཞུང་དུ་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ལོ་མང་རིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་གི་དམིགས་ཚད་གཏན་འཁེལ་བྱས་ཤིང་། “དམིགས་པ་ལྔ་དང་མཐོར་འདེགས་ལྔ”གཞི་འཛིན་སར་བྱས་ནས་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་གཏིང་ཟབ་བྱས་པས། ཁྲིམས་སྒྱུར་ལས་དོན་ལ“བསྐྱར་གྲོས་མེད་པ་དང་། གཏུག་བཤེར་མེད་པ། ཡིག་འབུལ་ཞུ་བཅར་མེད་པ”བཅས་བྱུང་ཡོད།

    ད་ལོར་འབྲི་རུ་རྫོང་སྤྱི་བདེ་ཅུས“རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་དཔེ་སྟོན་ཚན་པར”བདམས་ཤིང་། དེའི་ནང་ཚུད་པའི་ལྗོངས་ཡོངས་ཀྱི་རྫོང་སྤྱི་བདེ་ཅུས་འབའ་ཞིག་ཡིན་པའི་འབྲི་རུའི་སྤྱི་བདེས་དངོས་འཐབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བྱང་ཐང་དུ་འགན་འཁྲི་ཏན་ཏིག་བསྒྲུབས་ཡོད།

    ཚད་ལྡན་ཅན་ཁྲིད་སྟོན་དུ་བྱས་ནས་ཁྲིམས་སྒྱུར་ནུས་པ་ཆེ་རུ་བཏང་བ།

    2021ལོའི་ཟླ་10པར། “གཅིག་འཐུས་རྣམ་པའི་གྱོད་སྒྲུབ་དང་། རིག་ནུས་ཅན་གྱི་དོ་དམ། བརྒྱུད་རིམ་ཡོངས་ཀྱི་ལྟ་སྐུལ”བཅས་གཞི་གཅིག་ཏུ་འདུས་པའི་འབྲི་རུ་རྫོང་སྤྱི་བདེ་ཅུས་ཁྲིམས་སྒྱུར་གྱོད་སྒྲུབ་དོ་དམ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེའི་གསར་གཏོད་འཁོར་སྐྱོད་བྱེད་སྟངས་རང་སྐྱོང་ལྗོངས་ནང་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད།

    “ཁྲིམས་སྒྱུར་གྱོད་སྒྲུབ་དོ་དམ་ལྟེ་གནས་མ་བཙུགས་གོང་། འཐུས་སྒོ་ཚང་བའི་སྒྲིག་ཆས་དང་ཚད་ལྡན་གྱི་ལས་སྒྲུབ་ཁང་མེད་པས། ཡུལ་བབ་དང་བསྟུན་ནས་ཁྲིམས་སྒྱུར་དང་གྱོད་གཞི་སྒྲུབ་དགོས”འབྲི་རུ་རྫོང་སྤྱི་བདེ་ཅུས་ཁྲིམས་སྒྱུར་གྱོད་སྒྲུབ་དོ་དམ་ལྟེ་གནས་སུ་ཁྲིམས་ལུགས་ཁོའོ་ཡི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་ཚེ་རྡོར་གདེང་ཚོད་ཆེན་པོས་གྱོད་གཞི་འདྲི་རྩད་ནང་ཞུགས་པ་རེད། ཁོང་གིས“ད་ཆ་ངས་བརྒྱུད་རིམ་ཚད་ལྡན་དང་གཙོ་གནད་ཁ་གསལ་གྱི་སྒོ་ནས་གྱོད་གཞི་ཚང་མའི་འདྲི་རྩད་ལ་ཞུགས་ཆོག”ཅེས་བརྗོད། ཁོང་གི་གདེང་ཚོད་དེ་ལྟ་བུ་ནི་འབྲི་རུའི་སྤྱི་བདེས་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་གི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཁྲིམས་སྒྱུར་གྱོད་སྒྲུབ་དོ་དམ་ལྟེ་གནས་ཀྱི“གཅིག་འཐུས་རྣམ་པའི”མཐུན་རྐྱེན་སྦྱོར་བའི་ལམ་སྲོལ་ལ་བརྟེན་ནས་ཅུས་ཡོངས་ཀྱི་ཁྲིམས་སྒྱུར་ཚད་ལྡན་ཅན་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཚན་རྩལ་གྱིས་ཉེན་རྟོག་པའི་ལས་དོན་ལ་མཐུན་རྐྱེན་སྦྱར་ནས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་བ།

    འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་རིག་ནུས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དུས་བདེའི་འབྲི་རུར་ཚན་རྩལ་གྱི་འགོག་རགས་བརྟན་པོ་བསྐྲུན་ཡོད།

    2022ལོར་ཉེན་རྟོག་པས་སྤྱོད་པའི་མི་མེད་གནམ་གྲུ་རྒྱུན་གཏན་གྱི་སྐོར་གཡེང་ལ་སྤྱད་དེ་སྟབས་བསྟུན་འགུལ་སྐྱོད་དང་། མཐོང་རྒྱ་ཆེ་བ། ས་དབྱིབས་ཀྱི་ཚོད་འཛིན་མི་ཕོག་པ་བཅས་ཀྱི་ལེགས་ཆར་བརྟེན་ནས་རྒྱུན་གཏན་སྐོར་གཡེང་གི་སྟོང་ཆ་ནུས་ལྡན་བསྐངས་ཏེ། ཉེན་རྟོག་པ་དང“གནམ་ས་མཐུན་སྦྱོར”གྱི་ཕྱོགས་བསྡུས་ཅན་གྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་དྲ་རྒྱ་བཙུགས་པ་རེད།

    2023ལོའི་ཟླ་9པར། “བློ་རིག་འགྲིམ་འགྲུལ”མ་ལག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པས་འགྲིམ་འགྲུལ་ལྟ་འདོམས་ཀྱི་ལས་ཆོད་དང་ཞིབ་ཚད་གཉིས་ཀ་མཐོ་རུ་ཕྱིན་ཡོད།

    “ཚན་རྩལ་གྱིས་ཉེན་རྟོག་ལས་དོན་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་བཏང་བ་བརྒྱུད། ང་ཚོའི་ལས་དོན་དེ་བས་སྟབས་བདེ་རུ་དང་། ལས་ཆོད་དེ་བས་ཆེ་རུ། ལས་ཀའི་སྤུས་ཚད་དེ་བས་ཏན་ཏིག་བཅས་བྱུང་ནས་མང་ཚོགས་བློ་ཡིད་ཚིམ་ཚད་98.97%ཟིན་ཡོད”ཅེས་རིག་ནུས་ཅན་འཛུགས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་འབྲི་རུ་རྫོང་སྤྱི་བདེ་ཅུས་ཁྲིམས་ལུགས་ཁོའོ་ཡི་རིམ་པ་དང་པོའི་ཉེན་རྟོག་པ་ཧོང་དབྱི་ཧྥུང་གིས་དེ་ལྟར་བརྗོད།

    ཕྱིར་བསྐྱོད་དེ་ཉམས་མྱོང་སྦྱངས་ནས་འཇོན་ཐང་ཆེ་རུ་བཏང་བ།

    ཁྲིམས་སྒྱུར་སློབ་གསོ་གསོ་སྦྱོང་ལ་མུ་མཐུད་ཤུགས་བརྒྱབ་ནས་ཁྲིམས་སྒྱུར་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་གོང་རིམ་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་ཐེངས་50ལྷག་ཙམ་བྱས་པ་དང་། མི་ཐེངས་100ལྷག་ཙམ་ཀྲེ་ཅང་དང་ལེའོ་ཉིང་སོགས་སུ་སློབ་སྦྱོང་བྱེད་པར་མངགས་ནས་ཉེན་རྟོག་པའི་བཅའ་ཁྲིམས་བྱང་ཚད་དང་ཁྲིམས་སྒྱུར་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།

    “རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་ལས་ཉེན་རྟོག་པའི་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ང་ཚོས་གྱོད་གཞི་ཐག་གཅོད་བྱེད་པའི་བློ་སྒོ་ཡང་ཕྱེ་སོང”ཞེས་ཧོང་དབྱི་ཧྥུང་གིས་བརྗོད།

    2023ལོ་ནས་བཟུང་། ཉེན་རྟོག་ཡོངས་ཀྱི་དངོས་འཐབ་སྦྱོང་བརྡར་ཆེན་པོར་བརྟེན་ནས་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་དམག་སྦྱོང་ལ་དམ་འཛིན་དང་དངོས་འཐབ་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བའི་དྲག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། ཉེན་བརྡ་གཏོང་བ་དང་ཉེན་དོན་ཐག་གཅོད་བྱེད་པའི་ལྷུ་ཚིགས་ལ་དམིགས་པ་དང་། དྲག་རྩལ་འགྲན་བསྡུར་གྱི་རྣམ་གྲངས་དངོས་འཐབ་ཀྱི་དགོས་མཁོར་དམིགས་པ་དེའི་ནང་རིགས་པའི་གཞུང་ལུགས་ཀྱི་ཚད་ལེན་ཚོད་ལྟ་དང་ས་གནས་ས་ཐོག་གི་ཐག་གཅོད་སོགས་རྣམ་གྲངས་མང་པོ་ཚུད་ཡོད། ཁྲིམས་སྒྱུར་ལས་གནས་སུ་དམག་སྦྱོང་ཐེངས་160ལྷག་ཙམ་བྱས་པ་དང་། ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བའི“འགྲན་བསྡུར་ཆེན་པོ”ཐེངས་6བྱས་པས་དངོས་འཐབ་ཁྲོད་ཉེན་རྟོག་པའི་ཁྲིམས་སྒྱུར་ནུས་པར་ཞུན་བརྡར་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།