མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ལེགས་པར་བྱས། གྲོང་ཁྱེར་གྲོང་གསེབ་དུས་བདེ་ཡོང་བར་བརྩོན།

འདི་ནི་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་གྲོང་ཁུལ་རྙིང་པའི་དུད་ཚང་དུ་བསྐྱོད་དེ་གྲོང་མིར་ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་དགོན་སྡེར་བསྐྱོད་དེ་ལས་དོན་པར་གློག་སྤྱོད་བདེ་འཇགས་སྐོར་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་ཚོང་དོན་ཁྲོམ་རའི་ཚོང་ཁང་གི་སྦྱིན་བདག་ལ་མེ་ཟོན་བདེ་འཇགས་སྐོར་ནན་བཤད་བྱེད་བཞིན་པ།
སྟོན་དུས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོ་འཆད་ཁྲིད་ཚོགས་པ(ཡན་ལག་རུ་ཁག)”ཡིས་དུས་ཚིགས་ཀྱི་མེ་ཟོན་ཁྱད་ཆོས་ལ་དམ་པོར་དམིགས་པའི་ཁར། ཁེ་ལས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁྱིམ་ཚང་། དགོན་སྡེ་བཅས་སུ་མེ་ཟོན་དྲིལ་བསྒྲགས་བྱེད་པར་བསྐྱོད་པའི་ལས་དོན་གཙོ་བོར་བཟུང་སྟེ། སྣ་མང་ཅན་གྱི་མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་རིང་མེ་ཟོན་བདེ་འཇགས་ཤེས་བྱ་བློ་ལ་འཇགས་པར་མུ་མཐུད་སྐུལ་འདེད་བཏང་སྟེ། དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་སྐབས་བསྟུན་ཉེན་གཡོལ་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།