ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡིས།
འཕྲུལ་འཁོར་ཞིབ་དཔྱད་སྒྲིག་གཞིའི་ལས་རིགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་འཕྲུལ་འཁོར་ཞིབ་དཔྱད་སྒྲིག་གཞིའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཞིབ་དཔྱད་ལས་རིགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་རེད།
ཚོགས་འདུའི་ཐོག ཉེ་བའི་ལོ་གཅིག་རིང་གྲོང་ཁྱེར་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་བཏང་སྟེ་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཆ་འཕྲིན་ཅན་གྱི་ལྟ་འདོམས་ཁྱོན་ཡོངས་ལ་ཁྱབ་པ་སོགས་ཀྱི་ཕན་འབྲས་ལ་ཁས་ལེན་བྱས་པ་མ་ཟད། ཞིབ་བཤེར་སྒྲིག་གཞི་ཁག་གཅིག་གི་གཉེར་སྐྱོང་བྱེད་རིང་གི་ཐུན་མོང་གི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་བསྟན་པ་རེད། ལྷག་པའི་གནད་དོན་ལ་དམིགས་ནས། ཚོགས་འདུའི་ཐོག་བཅོས་སྒྲིག་གི་བླང་བྱ་ཁ་གསལ་བཟོས་ཏེ། སྒྲིག་གཞི་ཁག་གིས་ངེས་པར་དུ་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་དང་བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་གིས“འཁོར་རིགས་སྐྱོན་ཅན”འགྲོ་ལམ་དུ་བསྐྱོད་རྒྱུ་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།