དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།

    “མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-11

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་གསོན་ཉམས་དོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས། ཏང་གི་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས། ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པས་འགྲོ་འོང་བྱེད་མཁན་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་སྤྲོ་སྣང་འཕེལ་བའི་བོད་རྒྱ་སྐད་གཉིས་ལ་བརྟེན་ནས་དྲི་བར་ལན་རྒྱག་པ་དང་བྱ་དགའ་ལེན་པའི་ལྷུ་ཚིགས་ཆེད་མངགས་བཀོད་སྒྲིག་བྱས་ཤིང་། ནང་དོན་ལ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཚུད་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རྟགས་བཤེར་ལན་འདེབས་དང་། ཡིག་ཐོག་ལན་འདེབས། “མྱུར་ལན་མྱུར་འདེབས”སོགས་ཀྱི་བྱ་ཐབས་བརྒྱུད། བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོར་ཞུགས་ཡོད། ལན་འདེབས་མཇུག་འགྲིལ་རྗེས་སྐར་གྲངས་ལ་གཞིགས་ནས་ས་ཡུལ་དངོས་སུ་བྱ་དགའི་དངོས་པོ་སྤྲད་པ་དང་། བྱ་ཐབས་དེ་རིགས་ལས་མི་རིགས་ཁག་གི་མང་ཚོགས་ཞུགས་པའི་སྤྲོ་སེམས་ཤུགས་ཆེན་འཕེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།