དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“སློབ་གྲྭར་ཁྲིམས་སྐྱོང་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-11

    སློབ་གྲྭར་ཁྲིམས་སྐྱོང་ཁྱབ་གདལ་དང་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་སློབ་མ་དང་ཁྱིམ་བདག་གི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པ་སྲིན་བུ་རི་སློབ་འབྲིང་དུ་བསྐྱོད་དེ་ནང་དོན་ཕུན་སུམ་ཚོགས་པ་དང་། ལས་ཀའི་དོན་དངོས་དང་མཐུན་པ། དམིགས་སའི་རང་བཞིན་ཆེ་བ་བཅས་ཀྱི“སློབ་གྲྭར་ཁྲིམས་སྐྱོང་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅན་ཁྲ་ཀྲང་གཞོན་པ་ཧོ་ཡུས་ཏུང་གིས་གསོན་ཉམས་དོད་པའི་དཔེ་མཚོན་གྱོད་དཔེ་དང་དྲི་བར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་མར་བཙན་གཡེམ་གྱི་གནོད་འཚེ་འགོག་ཟོན་དང་དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་རང་ངོས་སྲུང་སྐྱོང་དང་གཞོན་ནུ་ལོ་ཆུང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་དང་བདེ་འཇགས་ཀྱི་རྒྱུན་ཤེས་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།