དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཁྲིམས་ཁང་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-11

    འདི་ནི་ལས་དོན་པས་སློབ་མ་ཚོར་གྱོད་དོན་ཐོ་འགོད་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི“ཞང་ཞུང་མེ་ཏོག”བུད་མེད་ཁྲིམས་དཔོན་གྱི་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་ཀྱིས་མངའ་རིས་ས་ཁུལ་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ་དང་མཉམ་དུ“ཁྲིམས་ཁང་གི་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་ཞིང་། ལྟ་སྐོར་དང་། མཉམ་སྤྱོད། སྒྲོག་འགྲེལ་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གཞོན་ནུ་ལོ་ཆུང་ལ་ཟུར་ཚད་མང་བའི་ཁྲིམས་སྐྱོང་སློབ་གསོ་ལག་ལེན་གྱི་སློབ་ཚན་ཞིག་ཁྲིད་པ་རེད།

    བྱེད་སྒོ་སྤེལ་རིང་ལས་དོན་མི་སྣས་ཐོག་མར་སློབ་མ་ཁྲིད་དེ་ཁྲིམས་རར་བསྐྱོད་ནས་འདྲི་གཅོད་དཔོན་དང་། འདྲི་གཅོད་པ། ཁྲིམས་དཔོན་གྱི་ལས་རོགས། ཟིན་འགོད་པ་སོགས་སོ་སོའི་འགན་ནུས་ལ་གསལ་བཤད་ཞིབ་ཕྲ་བརྒྱབ་སྟེ། ཚང་མས་ཁྲིམས་འཛིན་གྱི་བརྗིད་རྔམ་དང་བཅའ་ཁྲིམས་ཀྱི་དབང་གྲགས་ཐད་ཀར་མྱོང་ཚོར་བྱེད་དུ་བཅུག་པ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་རའི་སྲོག་ཤིང་གི་ནུས་པར་སྔར་བས་གོ་བ་ཟབ་མོ་ལེན་ཐུབ་པར་བྱས་ཡོད། དེ་རྗེས་སློབ་མ་ཚོས“དྲོ་སྐྱིད་ལྡན་པའི་འདུམ་འགྲིག་ཁང”དང“ཞང་ཞུང་མེ་ཏོག”གི་བུད་མེད་ཁྲིམས་དཔོན་གྱི་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།