དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“ཐར་པར་གཏན་ནས་མི་གཏོང་བའི”ཁྲིམས་སྒྱུར་བྱ་ཐབས་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-11

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟག་རྩེ་ཡན་ལག་ཅུས་ཀྱི་འགྲིམ་འགྲུལ་དོ་དམ་རུ་ཆེན་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཨུ་ཚུགས་ཀྱིས་རླངས་འཁོར་མདུན་མའི་སྣ་འཕྲོག་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཅིག་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། “ཐར་པར་གཏན་ནས་མི་གཏོང་བའི”ཁྲིམས་སྒྱུར་བྱ་ཐབས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བསྲུངས་ཏེ་རྒྱ་ཆེའི་ཁ་ལོ་བ་རྣམས་ལ་བདེ་འཇགས་ཀྱི་ཉེན་བརྡ་བསྒྲགས་པ་རེད།

    དེ་ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟག་རྩེ་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར་ཞིང་། ཐེར་འདོན་བྱེད་མཁན་གྱིས་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་ལམ་བུར་སྐྱོད་སྐབས་ཁ་སྤྲོད་དུ་ཡོང་མཁན་རླངས་འཁོར་གྱིས“རླངས་འཁོར་གཞན་དང་རྡུང་སྲིད་པའི”ཉེན་ཁ་ཡོད་བཞིན་དུ་ཨུ་ཚུགས་ཀྱིས་རླངས་འཁོར་མདུན་མའི་སྣ་འཕྲོག་པ་དེ་ནི་ཉེན་ཁ་ཧ་ཅང་ཆེ་བ་དང་རྡུང་ཁ་ཤོར་སླ་བས། ཕྱོགས་གཉིས་དང་ཉེ་འཁོར་རླངས་འཁོར་གྱི་ཁ་ལོ་བ་དང་འགྲུལ་པའི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོ་ཡི་འདུག་ཅེས་བརྗོད།

    ཐེར་འདོན་འབྱོར་རྗེས། སྟག་རྩེ་རུ་ཆེན་གྱིས་མཐོང་ཆེན་པོ་བྱས་ནས་འཕྲལ་དུ་ཐག་གཅོད་བྱེད་འགོ་བཙུགས་པ་དང་། ཆེད་མི་བཀོད་སྒྲིག་བྱས་ནས་ཐེར་འདོན་བྱེད་མཁན་གྱིས་བསྐུར་བའི་བརྙན་ཐུང་དང་འདྲ་པར་སོགས་དཔང་རྟགས་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཐེར་འདོན་བྱས་པའི་ནང་དོན་ངོ་མ་ཡིན་ཞིང་། འཁོར་རྟགས“བོད་AF61**”དང“བོད་A58J**”ཡིན་པའི་རླངས་འཁོར་གཉིས་པོར་ཁ་སྤྲོད་ནས་ཡོང་བའི་རླངས་འཁོར་དང་རྡུང་སྲིད་པའི་ཉེན་ཁ་ཡོད་བཞིན་དུ་རླངས་འཁོར་གཞན་གྱི་སྣ་འཕྲོག་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པ་རེད། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དུས་ཐོག་ཏུ་སྔོན་འགོག་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཉེན་རྟོག་པས་དུས་ཐོག་ཏུ་རླངས་འཁོར་གྱི་ཐོ་འགོད་ཆ་འཕྲིན་བརྒྱུད་དེ་འབྲེལ་རླངས་འཁོར་དང་དེ་བཞིན་ཁ་ལོ་བ་གཉིས་ལ་འབྲེལ་བ་བྱས་ཏེ་དོ་བདག་ལ་གང་མགྱོགས་རུ་ཆེན་དུ་ཡོང་ནས་ཁྲིམས་ལྟར་ཐག་གཅོད་དང་ལེན་བྱེད་དགོས་པའི་རེ་བ་བཏོན།

    དེ་འབྲེལ་ཁ་ལོ་བ་འབྱོར་རྗེས། ཁྲིམས་སྒྱུར་ཉེན་རྟོག་པས་ཐེར་འདོན་གྱི་དཔང་རྟགས་བཏོན་ནས་སྐབས་དེའི་ཁྲིམས་འགལ་གྱི་བྱེད་སྤྱོད་གསལ་པོར་བསྟན། དཔང་རྟགས་ཀྱི་མདུན་དུ། ཁ་ལོ་བ་གཉིས་པོས་ཨུ་ཚུགས་ཀྱིས་རླངས་འཁོར་མདུན་མའི་སྣ་འཕྲོག་པའི་བྱེད་སྤྱོད་ཇི་མ་ཇི་བཞིན་ཁས་བླངས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟག་རྩེ་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་དེ་འབྲེལ་ཁ་ལོ་བར་ཆད་པ་བཅད་པ་དང་འབྲེལ་དཔེ་མཚོན་གྱི་དོན་རྐྱེན་དང་ཟུང་འབྲེལ་བྱས་ནས་ཉེན་བརྡའི་སློབ་གསོའང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།