ནགས་ཚལ་མེ་གསོད་རུ་མིས་ས་འོག་མདོང་ལམ་ནས་རྩད་ཞིབ་ཐིག་ལེན་གྱི་འཕྲུལ་ མི་འདོན་རོགས་བྱས་པ།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་མཐུན་སྦྱོར་མཉམ་ལས་བྱས་ཏེ་སྐྱོན་ཤོར་བའི་འཕྲུལ་མི་འཐེན་བཞིན་པ།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་ས་ཡུལ་དངོས་སུ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་ས་འོག་མདོང་ལམ་གུ་དོག་པོར་སྐྱོན་ཤོར་བའི་འཕྲུལ་མི་འཚོལ་བཞིན་པ།
ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་ལ་མང་ཚོགས་ཀྱི་ཛ་དྲག་གི་རོགས་སྐྱོབ་རེ་ཞུ་འབྱོར་ནས་ཀུང་སི་ཞིག་གིས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གྱི་ཁུལ་ཆུང་ཞིག་གི་ཉེ་འགྲམ་དུ་ས་འོག་བཙོག་འབུད་མདོང་ལམ་ལ་རྩད་ཞིབ་ཐིག་ལེན་བྱེད་སྐབས། རྩད་ཞིབ་འཕྲུལ་མིར་སྐྱོན་ཤོར་ནས་མདོང་ལམ་ནང་ལུས་སོང་ཞེས་བརྗོད་པ་རེད།
ཉིང་ལག་རུ་ཁག་གིས་རེ་ཞུ་འབྱོར་རྗེས་འཕྲལ་མར་ཉམས་མྱོང་ཕུན་སུམ་ཚོགས་པའི་བཀོད་འཐབ་པ་4སྐོང་འཐེན་བྱས་ནས་རོགས་སྐྱོབ་ཚོགས་ཆུང་བཙུགས་ཏེ་རོགས་སྐྱོབ་སྒྲིག་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད། ས་གནས་ས་ཐོག་ཏུ་འབྱོར་རྗེས། རོགས་སྐྱོབ་མི་སྣས་འཕྲལ་དུ་ལས་སྒྲུབ་ཚན་པ་དང་འབྲེལ་གཏུག་བྱས་ནས་མདོང་ལམ་གྱི་ཁ་ཕྱོགས་དང་། འཕྲུལ་མིར་སྐྱོན་ཤོར་ས། ས་གནས་ས་ཐོག་གི་ཁོར་ཡུག་སོགས་ཀྱི་འགག་རྩའི་ཆ་འཕྲིན་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཚན་རིག་དང་མཐུན་པའི་ཐག་གཅོད་ཇུས་གཞི་ཞིབ་ཚགས་བཟོས་པ་རེད།
“ཆེད་ལས་གཅིག་གི་སྤྱོད་སྒོ་མང་། ཁུལ་ཁོངས་ཡོངས་ལ་རོགས་སྐྱོབ་བྱེད”པའི་ཉམས་སད་ཐེག་པའི་འཇོན་ཐང་ལ་བརྟེན་ནས། བཀོད་འཐབ་པས་ད་ཐེངས་ཀྱི་རོགས་སྐྱོབ་ལས་འགན་ནུས་ཆེའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་ཁེ་ལས་ལ་སྒྲིག་ཆས་ཀྱི་གྱོང་གུན་མི་ཕོག་པ་བྱས་པ་མ་ཟད། རྗེས་མཐུད་ཀྱི་རྩད་ཞིབ་ཐིག་ལེན་ལས་གྲྭར་སྐུལ་འདེད་བདེ་བླག་གཏོང་བར་འགན་ལེན་ཡང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།