ལྗོངས་ཡོངས་ཀྱི“119མེ་ཟོན་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།
ཟླ་11ཚེས་4ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི“119མེ་ཟོན་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་རེན་ཝེ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
རེན་ཝེ་ཡིས་བསྟན་དོན། མེ་ཟོན་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་སྲུང་བའི“སྲོག་ཐིག”ཅིག་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི“བདེ་འཇགས་ཀྱི་རྨང་རྡོ”ལྟ་བུ་ཡིན། ལྗོངས་ཡོངས་ཀྱི“119མེ་ཟོན་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕྲལ་སྡོམ་དོ་དམ་དང་མེ་ཟོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་། བདེ་འཇགས་ཀྱི་འགོག་རགས་བརྟན་དུ་གཏོང་བ་དང་། དམངས་ཡོངས་ཀྱི་མེ་ཟོན་བྱང་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་སྲུང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། མེ་ཟོན་བདེ་འཇགས་ནི་སྤྱི་ཚོགས་ཀྱི་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ། སྙིང་རུས་གཏན་འཁྱོངས་ཀྱི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་དེ་བས་ཡིན་པས“ཞན་ཆ་སེལ་བ་དང་རྨང་གཞི་སྟོབས་ཆེར་གཏོང་བར” དམིགས་ནས་ལྷུ་ཚིགས་ཧྲིལ་པོའི་ཚན་རྩལ་བྱེད་ཐབས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་དང་བེད་སྤྱོད་གཏོང་བ་དང་འཁོར་འབྲེལ་ཧྲིལ་པོའི་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་སྟེ། མེ་ཟོན་བདེ་འཇགས་ཀྱི་བཅོས་སྐྱོང་བྱེད་སྟངས་དོན་རྐྱེན་མ་ཐོན་སྔོན་འགོག་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། “འགག་རྩའི་དུས་དང་འགག་རྩའི་ས་ཚིགས”ལ་དམིགས་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོ་ནན་དུ་གཏོང་བ་དང་། མི་སྣ་འདུ་འཛོམས་ཆེ་ཁུལ་དུ་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་གསལ་དོད་པའི་གནད་དོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ཧུར་ཐག་བྱེད་པ། མི་འཆི་བའི་མེ་སྐྱོན་ལས་འཛོལ་མཐའ་གཅིག་ཏུ་སྔོན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།