གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ཨར་ལས་མེ་སྐྱོན་གྱི་ནང་རྒོལ་ལག་རྩལ་གསོ་སྦྱོང་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་2025ལོའི་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་གསོད་རོགས་སྐྱོབ་ཆེད་ལས་ལག་རྩལ་གསོ་སྦྱོང་གི“ས་ཚིགས་ཐོག་མ”སྟེ། ཨར་ལས་མེ་སྐྱོན་གྱི་ནང་རྒོལ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་འགན་འཁུར་ཡོད། ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་7གྱི་རྐང་འཛིན་རུ་མི་55ཡིས་ཉིན་བཅུའི་ནང་དངོས་འཐབ་དངོས་སྦྱོང་ཁྲོད་དུ་རིགས་ཆེན་པོ་གསུམ་གྱི་ནང་དོན་28ཀྱི་མ་ལག་གསོ་སྦྱོང་དཔྱད་ཞིབ་ལེགས་སྒྲུབ་བྱས་ཏེ་གཏན་འཁེལ་སློབ་ཚན་ཚང་མ་བདེ་བླག་ངང་སློབ་མཇུག་འགྲིལ་ཡོད་པ་རེད།
ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ལོ་འཁོར་གྱི་རིམ་སྤེལ་ཚད་གཞི་མཐོ་བའི་གསོ་སྦྱོང་གི“ས་ཚིགས་དང་པོའི”སྒྲུབ་འགན་ལེགས་པར་འཁུར་ཆེད། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་གསོ་སྦྱོང་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ལྗོངས་ཡོངས་ཀྱི་དངོས་འཐབ་ནུས་པ་ཆེར་གཏོང་གི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ། གསོ་སྦྱོང་གི་ལས་དོན་ལ་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པ་དང་ཉིང་ལག་རུ་ཁག་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་རྣམ་པ་གསར་རྐྱང་དང་། ཚན་རིག་དང་མཐུན་པ། ལུགས་མཐུན་བཅས་ཀྱི་འཚོལ་ཞིབ་ཅིག་ཏུ་བརྩིས་ནས་ཆད་སྐྱོན་དང་ཞན་ཆ་སེལ་བ་དང་ཧེ་བག་ཆུང་དུ་ཧུར་ཐག་གཏོང་བར་དམིགས་ཏེ། ལག་རྩལ་ནུས་པ་དང་ཚོགས་པའི་མཉམ་སྒྲུབ་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བ་མངོན་འགྱུར་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།