དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཕྱོགས་མང་དང་ཞིབ་ཚགས་ཅན་གྱི་བདེ་འཇགས་བཅོས་སྐྱོང་བྱས་ནས།

    གནའ་གྲོང་ལ་འགྲོ་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སྒོ་ཁར་སློབ་མ་སྲུང་སྐྱེལ་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་སློབ་མར་གཞུང་ལམ་སྒྲོལ་རོགས་བྱེད་བཞིན་པ།

    སློབ་གྲྭའི་ནང་དུ་སློབ་མ་ཚོ་དང་སྤྲོ་སྣང་འཕེལ་བའི་སྤེལ་རེས་བྱེད་པ་ནས་མྱུར་བགྲོད་གཞུང་ལམ་དུ་ཁྲིམས་སྒྱུར་ནན་པོ་བྱེད་པའི་བར་དང་། དེ་ནས་གྲོང་ཁྱེར་གྱི་མ་ལམ་གཙོ་བོར་འཁོར་གསུམ་འཁོར་རིགས་བཅོས་སྒྲིག་བྱེད་པའི་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཕྱོགས་མང་དང་ཞིབ་ཚགས་ཅན་གྱི་བདེ་འཇགས་བཅོས་སྒྲིག་གི་ཐབས་ཇུས་ལ་བརྟེན་ནས་ཉི་འོད་གྲོང་ཁྱེར་ལ་འགྲོ་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

    སློབ་གྲྭར་དམིགས་བཙུགས་དྲིལ་བསྒྲགས་བྱས་ཏེ།

    བདེ་འཇགས་ཀྱི་འདུ་ཤེས་སེམས་ལ་འཇགས་པར་བྱས་པ།

    ཞོགས་པའི་ཉི་གཞོན་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་སློབ་ཁང་དུ་འཕྲོ་སྐབས། ལས་གོས་གྱོན་པའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་སློབ་ཆུང་སློབ་མ་ཚོར“ལོ་12མན་ཡིན་ན་རླངས་འཁོར་གཏོང་མཁན་གྱི་འཁྲིས་སུ་སྡོད་ཆོག་གམ”“ཆར་པ་འབབ་སྐབས་གྱོན་ཆས་ཚོན་མདོག་གང་འདྲ་ཞིག་གྱོན་ན་དེ་བས་བདེ་འཇགས་ཆེ་བ་ཡོད་དམ”ཅེས་འཚོ་བའི་ཁྲོད་ཀྱི་དྲི་བ་མང་པོ་ཞིག་བཏོན་པར། ཕྲུ་གུ་ཚོས་ཧབ་ཐོབ་ངང་ལག་པ་བརྐྱངས་ནས་ལན་བཏབ་སྟེ། སློབ་ཁང་ཡོངས་སུ་ཕྲུ་གུའི་དྭངས་གཙང་ལྷད་མེད་ཀྱི་སྐད་སྒྲས་ཁེངས།

    འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས“རིགས་པའི་གཞུང་ལུགས་ཀྱི་གསལ་འགྲེལ་དང་སྤེལ་རེས་ཡང་སེ་བྱེད་པ”ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་འགྲིམ་འགྲུལ་སྒྲིལ་སྲོལ་དག་སྟབས་བདེ་ལ་ངེས་བདེ་བའི་མན་ངག་བཟོས་ཡོད། ཕྲུ་གུ་ཚོས“རྒྱ་ལམ་འཕྲེད་བཅད་གཏོང་བའི་སྐབས། མི་འགྲུལ་ལམ་དུ་འགྲོ་བ་ལས། གང་སར་རྩེད་རྒྱུག་བྱེད་མི་ཉན”ཞེས་སྐད་གསང་མཐོན་པོས་ཀློག་པ་བརྒྱུད། གཞི་རྩའི་འགྲིམ་འགྲུལ་གྱི་བདེ་འཇགས་ཤེས་བྱ་མིག་འདྲིས་ལག་བྱང་བྱུང་ཡོད།

    བོད་ལྗོངས་སློབ་ཆེན་ཝ་པ་གླིང་སློབ་ཁུལ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་གསར་པ་ཚོར་དམིགས་བསལ་གྱི་འགྲིམ་འགྲུལ་བདེ་འཇགས་སློབ་ཚན་ཞིག་འཚོགས་ཤིང་། སློབ་ཆེན་སློབ་མ་སྦག་སྦག་དང་རྐང་འཁོར་བཞོན་ནས་འགྲོ་བ་དང་རླངས་འཁོར་ཡང་སེ་སྡོད་པའི་ཁྱད་ཆོས་ལ་དམིགས་ནས། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཟོན་པར་གཞི་བསྟན་ནས་རྒྱུན་མཐོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་མཇུག་འབྲས་ཐད་ཀར་བསྟན་ཡོད།

    མི་དམངས་ཉེན་རྟོག་པས་སྦག་སྦག་སོགས་བཞོན་སྐབས་ལམ་ལྡོག་ནས་མི་འགྲོ་བ་དང་། “ནག་འཁོར”ལ་མི་སྡོད་པ། རླངས་འཁོར་ལ་སྡོད་སྐབས་སྲུང་ཐག་ཡག་པོ་འཆིང་བ་སོགས་གནད་ཆེ་སར་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་། སློབ་ཆེན་སློབ་མ་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་མང་པོ་ཞིག་དྲངས་ཏེ་ལས་འཛོལ་གྱི་རྒྱུ་རྐྱེན་དང་མཇུག་འབྲས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དེ་དག་ལས་སློབ་ཆེན་སློབ་མ་ཚོས“ཁྲིམས་འགལ་ཆུང་ངུ”ཡིས“ཉེན་ཁ་ཆེན་པོ”བཟོ་སྲིད་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ངེས་པར་དུ་སེམས་ལ་བརྟན་པོ་འཇགས་དགོས་པར་ངོས་འཛིན་གཏིང་ཟབ་ཐུབ་ཡོད།

    ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རིམ་པ་དབྱེ་བ་དང་ཁྱད་པར་ཡོད་པའི་སྒོ་ནས་བདེ་འཇགས་སློབ་གསོ་གཏོང་བའི་ཐབས་ཇུས་བརྒྱུད་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་ཆུང་ནས་སློབ་ཆེན་བར་གྱི་དུས་མཚམས་ཚང་མར་ཁྱབ་པར་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོར་ཆུང་དུས་ནས་དམ་འཛིན་དངོས་འབྲེལ་ཐུབ་པར་བྱས་ནས། སློབ་མཚམས་མི་འདྲ་བའི་སློབ་མའི་སེམས་སུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ས་བོན་བཏབ་ཡོད།

    ཟོག་འཁོར་ཆེས་རིང་བར་མངོན་མེད་རྐྱེན་ངན་གནས་པར་དམིགས་ཏེ།

    ཁྲིམས་སྒྱུར་ནན་པོ་བྱས་ནས་ཉེན་ཁ་བསལ་བ།

    ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་མྱུར་བགྲོད་གཞུང་ལམ་རུ་ཆེན་ལྷ་ནག་རུ་འབྲིང་གིས་ལྷ་ནག་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་རྒྱུན་གཏན་གྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་སྐབས། ཟོག་འཁོར་རིང་གྲས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁག་5བསྟུད་མར་རྩད་གཅོད་ཐུབ་ཡོད། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་སྒྲིག་ཆས་སྤྱད་དེ་འགྲོ་འོང་བྱེད་མཁན་ཟོག་འཁོར་ཆེ་གྲས་རེ་རེ་བཞིན་ལ་ཞིབ་དཔྱད་དང་ས་གནས་ས་ཐོག་ཏུ་ཚད་ལེན་བྱས་པ་དང་། གཙོ་གནད་ཐོག་འཁོར་རིགས་ཀྱི་ཟོག་འདྲེན་རིང་ཚད་དང་ཞེང་ཚད་གཏན་འབེབས་དང་མཐུན་ཡོད་མེད་ལ་གྲལ་བཤེར་བྱས་པ་རེད།

    བྱ་སྤྱོད་སྤེལ་རིང་། དངོས་ཟོག་མངོན་གསལ་དོད་པོས་འཁོར་སྒྲོམ་ལས་རིང་བའི་ཟོག་འཁོར་ཆེ་གྲས་5སྔ་རྗེས་སུ་ཞིབ་བཤེར་ཁུལ་ཁོངས་སུ་གཏོང་དུ་བཅུག་པ་དང་། དཔྱད་བཤེར་ཞིབ་ཚགས་བྱས་རྗེས་མི་དམངས་ཉེན་རྟོག་པས་འཁོར་རིགས་དེ་དག་གི་དངོས་ཟོག་སྤྱིར་ན་ཚང་མ་གཏན་འཁེལ་བྱས་པའི་རིང་ཚད་ལས་10%དོན་ཡོད་པས《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་གཏན་འཁེལ་བྱས་པ་རེད།

    འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་གསེས་ལ་གཞིགས་ཏེ་མི་དམངས་ཉེན་རྟོག་པས་དེ་འབྲེལ་གྱི་ཁ་ལོ་བར“དངུལ་ཆད་སྒོར་200གཏོང་རྒྱུ་དང་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་1གཅོག་རྒྱུའི”ཆད་པ་བཅད་པ་མ་ཟད། དེ་འབྲེལ་གྱི་འཁོར་རིགས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྤྱི་ཁྱབ་རུ་ཁག་ལ་ཞིབ་དཔྱད་གཏིང་ཟབ་བྱེད་པར་བསྐྱལ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད།

    གློག་སྒུལ་འཁོར་གསུམ་སྦག་སྦག་ཟང་ཟིང་གནས་ཚུལ་ལ་བཅོས་སྒྲིག་བྱས་ནས།

    ཁྲིམས་སྒྱུར་དང་དྲིལ་བསྒྲགས་གཉིས་ཀར་དམ་འཛིན་བྱས་པ།

    ཉིན་ཤས་གོང་དུ་འཁོར་གསུམ་འཁོར་རིགས་ཀྱི་ཟང་ཟིང་གནས་ཚུལ་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ། “ཁྲིམས་སྒྱུར་དང་དྲིལ་བསྒྲགས”ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་དུ་བཏང་ཡོད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“འཚང་གཡོལ་དང་དུས་འགྱངས་ཟུང་དུ་འབྲེལ་བའི”ཞབས་འདེགས་ཞུ་ཐབས་སྤྱད་དེ་ཉིན་གཅིག་དུས་གསུམ་གྱི་འགྲིམ་འགྲུལ་འཚང་ཁ་ཆེ་བའི་དུས་སུ་སྐོར་ཞིབ་མང་དུ་བཏང་སྟེ། འགྲིམ་འགྲུལ་འཚང་ཁ་ཆེ་བའི་ལམ་དུམ་དང་། ཚོང་ཁྲོམ། སློབ་གྲྭའི་མཐའ་འཁོར་སོགས་ཀྱི་གཙོ་གནད་ས་ཁོངས་སུ“དམིགས་འཛུགས་བཀག་སྡོམ་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ”བྱས་ཏེ་ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན་བྱས་ཡོད།

    གློག་སྒུལ་འཁོར་གསུམ་སྦག་སྦག་གི་བདེ་འཇགས་སྲུང་ནུས་ཞན་པ་དང་འགོག་སྲུང་བྱ་ཐབས་མི་འདང་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། མི་དམངས་ཉེན་རྟོག་པས་ཁ་ལོ་བར་རང་འགུལ་ངང་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་པར་ཁྲིད་སྟོན་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཤུགས་ཚད་ཡོད་ལ་བརྩེ་བ་ལྡན་པའི་ཁྲིམས་སྒྱུར་བྱ་ཐབས་དེ་དག་ལ་ཕན་འབྲས་བཟང་པོ་ཐོན་ཞིང་། ཁ་ལོ་བ་མང་པོས་བསམ་ཤེས་བྱས་པ་མ་ཟད་གཞོགས་འདེགས་བྱས་ཏེ་ཡོ་བསྲང་ཡང་བྱས་ཡོད།

    སློབ་གྲྭ་ནས་འགྲོ་ལམ་བར་དང་དྲིལ་བསྒྲགས་ནས་ཁྲིམས་སྒྱུར་བར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་བྱ་སྤྱོད་དངོས་ལ་བརྟེན་ནས་ཚང་མའི་འགྲོ་སྐྱོད་བདེ་འཇགས་བསྲུངས་ཏེ། ལྷ་ས་གྲོང་ཁྱེར་ལ་དེ་བས་བདེ་འཇགས་ལྡན་པ་དང་། གོ་རིམ་ལྡན་པ། ཤར་གཏོང་ཐུབ་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།