རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་སྐབས་དང་པོའི་དཔལ་འབྱོར་མྱུལ་ཞིབ་ཀྱི“གངས་ལྗོངས་སྲུང་དམག”གྲངས་གཞིའི་དངོས་འཐབ་དྲག་རྩལ་འགྲན་བསྡུར་དང་དམག་སྦྱོང་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྷ་སར་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ལས་དོན་གྱི་བརྙན་ལམ་སྐུལ་སྤེལ་ཚོགས་འདུ་དང་སྐབས་དང་པོའི་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཀྱི“གངས་ལྗོངས་སྲུང་དམག”གི་གྲངས་གཞིའི་དངོས་འཐབ་དྲག་རྩལ་འགྲན་བསྡུར་དང་དམག་སྦྱོང་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། “གྲངས་གཞིས་དངོས་འཐབ་ལ་མཐུན་རྐྱེན་སྦྱོར་བ་དང་། དཔལ་འབྱོར་མྱུལ་ཞིབ་ཀྱི་ལས་སྒོ་གཙོ་བོར་འགག་སྒྲོལ་བྱེད་པའི”སྔོན་ཐོན་ལ་གཟེངས་བསྟོད་དང་ངར་ཤུགས་འཕེལ་བར་བྱེད་པ་མཐའ་འཁྱོངས་བྱས་ནས། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཉིན་གསུམ་རིང་གི་གཅིག་སྡུད་གསོ་སྦྱོང་དང་ཆུ་ཚོད་24ཡི་བཀག་སྡོམ་རྣམ་པའི་ཞིབ་གཅོད་དྲག་རྩལ་འགྲན་བསྡུར་བྱས་ནས་ཕྱོགས་གསུམ་པའི་ཆེད་ལས་ཤན་འབྱེད་བྱས་པ་བརྒྱུད། ལྷ་ས་དང་། ནག་ཆུ། གཞིས་རྩེའི་ཚོགས་པ་བཅས་ལ་དྲག་རྩལ་འགྲན་བསྡུར་བྱེད་སྒོའི་ཨང་དང་པོ་ནས་གསུམ་པའི་བྱ་དགའ་ཐོབ་པ་དང་། ཅང་ཧའོ་སོགས་མི་དམངས་ཉེན་རྟོག་པ་ལྔ་ལ་ཁྱབ་ཁོངས་ཁག་གི་མི་སྒེར་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།