ནུབ་རྒྱུད་ཁྲིམས་སྐྱོང་གླེང་སྟེགས་སྐབས་ཉི་ཤུ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པའི་དཔྱད་རྩོམ་ལ་བྱ་དགའ་ཐོབ་པ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་། ནུབ་རྒྱུད་ཁྲིམས་སྐྱོང་གླེང་སྟེགས་སྐབས་ཉི་ཤུ་པའི་ཐོག་བྱ་དགའ་ཐོབ་པའི་དཔྱད་རྩོམ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་བློ་བཟང་རྒྱ་མཚོས་བྲིས་པའི་དཔྱད་རྩོམ《“རྒན་གཅིག་བྱིས་གཅིག”ཚོགས་སྤྱིའི་ཁྲིམས་སྐྱོང་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་ལག་ལེན་གྱི་འཚོལ་ཞིབ་ཞིབ་འཇུག》ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གླེང་སྟེགས་ཐོག་ཁྱོན་བསྡོམས་དཔྱད་རྩོམ་3414བསྡུ་རུབ་བྱས་པ་དང་གླེང་སྟེགས་གཙོ་གཉེར་བྱེད་མཁན་ཞིང་ཆེན་རིམ་པའི་ཁྲིམས་ལུགས་སློབ་ཚོགས་ཀྱི་ཐོག་མའི་དཔྱད་བསྡུར་དང་གླེང་སྟེགས་སྒྲིག་འཛུགས་ལྷན་ཚོགས་ཀྱི་མཐའ་མའི་དཔྱད་བསྡུར་བརྒྱུད། ཕུལ་བྱུང་བྱ་དགའི་དཔྱད་རྩོམ་ཁྱོན་143བདམས་པར་བྱ་དགའ་རིམ་པ་དང་པོ་13དང་། བྱ་དགའ་རིམ་པ་གཉིས་པ་26 བྱ་དགའ་གསུམ་པ་39 ཕུལ་བྱུང་བྱ་དགའ་65བཅས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།