དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མི་སེམས་ལ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    འདི་ནི་ཨར་ལས་བྱ་ཡུལ་ཞིག་ཏུ་མེ་ཟོན་དྲིལ་བསྒྲགས་མི་སྣས་ལས་མིར་སྟབས་བདེའི་མེ་གསོད་ཡོ་ཆས་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་ཁང་པ་མཛེས་བཟོ་བྱ་ཡུལ་ཞིག་ཏུ་མེ་ཟོན་དྲིལ་བསྒྲགས་མི་སྣས་ལས་མིར་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་ཚོང་རའི་ཉེ་འཁོར་དུ་མེ་ཟོན་དྲིལ་བསྒྲགས་མི་སྣས་མེ་ཟོན་བདེ་འཇགས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་བརྡ་སྦྱོར་སྦྱོར་བཞིན་པ།

    འདི་ནི་མེ་ཟོན་དྲིལ་བསྒྲགས་མི་སྣས་ཁྲོམ་གཞུང་དུ་ཚོང་ཁང་གི་སྦྱིན་བདག་ལ་མེ་ཟོན་ལས་སྒྲུབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།

    ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པས”གཅིག་སྡུད་སྒྲོག་འགྲེལ་གསོ་སྦྱོང་དང་། ཁྲོམ་གཞུང་དུ་ངོ་ཐུག་གདོང་འཕྲད་ཀྱི་སློབ་གསོ་ཁྱབ་གདལ། མེ་ཟོན་དྲིལ་བསྒྲགས་བརྡ་ཁྱབ་སྦྱོར་བ་སོགས་ཀྱི་བྱ་ཐབས་བརྒྱུད། མེ་ཟོན་ལས་དོན་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་བླང་བྱར་ཕྱོགས་ཡོངས་ནས་གསལ་འགྲེལ་བརྒྱབ་པ་དང་། 《ཁང་པའི་མཛེས་བཟོ་ཇུས་འགོད་ཀྱི་མེ་ཟོན་ཚད་གཞི》དང་ཟུང་འབྲེལ་གྱིས་མེ་ཟོན་ལས་སྒྲུབ་ཀྱི་ཞིབ་མཆན་འགོད་པའི་གོ་རིམ་དང་དྲོད་སྲུང་རྒྱུ་ཆའི་བླང་བྱ་སོགས་ཀྱི་བཙན་བཅད་ཚད་གཞི་ཁ་གསལ་བཟོས་ཏེ། སྒྲིག་འགལ་ལས་སྒྲུབ་བྱས་ནས་ཐོན་པའི་མེ་སྐྱོན་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་པ། གཉེར་སྐྱོང་བྱ་ཡུལ་ཁག་གིས་མེ་ཟོན་ཞིབ་མཆན་འགོད་པའི་འགྲོ་ལུགས་ཇི་ལྟར་གཉེར་དགོས་པ་དང་། མེ་ཟོན་ལས་སྒྲུབ་ས་ཡུལ་དངོས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་བྱ་ཐབས་སོགས་ལག་ལེན་ཇི་ལྟར་བསྟར་དགོས་པ། མེ་གསོད་ཡོ་ཆས་ཡང་དག་སྤྱད་དེ་ཐོན་མ་ཐག་པའི་མེ་སྐྱོན་སེལ་ཐབས་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཚགས་བརྒྱབ་ནས། གསོ་སྦྱོང་ལ་ཞུགས་མཁན་མི་སྣའི་མེ་ཟོན་ལས་སྒྲུབ་སྐོར་གྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་བཀོད་སྒྲིག་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།