དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ནས་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    འདི་ནི་ཞིབ་བཤེར་ཚོགས་ཆུང་གིས་བདེ་འཇགས་ལ་ཞིབ་བཤེར་བྱེད་པ།

    ཁོངས་གཏོགས་ཁུལ་གྱི་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔར་བས་འགོག་ཟོན་དང་སེལ་ཆེད། ཉེ་དུས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་སྤྱི་བདེ་ཅུས་དང་། འཕྲལ་སྡོམ་དོ་དམ་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས་སོགས་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རྫོང་ཁོངས་སུ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱེད་པའི་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བ་རེད།

    ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ནང་གློག་སྒུལ་རྐང་འཁོར་གྱི“ཐོན་སྐྱེད་ཕྱིར་འཚོང་དང་། ཉམས་བཟོ་བདག་སྐྱོང་། གློག་གསོག”སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་གྲལ་བཤེར་བྱས་ཤིང་། ས་གནས་ས་ཐོག་ཏུ་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་500ལྷག་ཙམ་ལ་དྲིལ་བསྒྲགས་དཔྱད་ཡིག་ཁག་200ལྷག་ཙམ་སྤྲད་པས། “བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་པའི”སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།