དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་སྣེ་གདོང་ཆུས་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས།

    སློབ་གྲྭར་བསྐྱོད་དེ“ཁ་བསླུས་ལ་ངོ་རྒོལ་དང་བརྙས་བཅོས་སྔོན་འགོག”གི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    སློབ་གྲྭའི་བདེ་འཇགས་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་ནས་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར“འགོག་སྲུང་གྱང”བརྟན་པོ་བསྐྲུན་ཆེད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་སྣེ་གདོང་ཆུས་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་བསྐྱོད་དེ། དགེ་སློབ་1700ལྷག་ཙམ་ལ་རྣམ་པ་མི་འདྲ་བའི“ཁ་བསླུས་ལ་ངོ་རྒོལ་དང་བརྙས་བཅོས་སྔོན་འགོག”གི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་དང་། གསོན་ཉམས་དོད་པའི“བདེ་འཇགས་གཉིས་ཀྱི་སློབ་ཚན”འཚོགས་ནས་གཞོན་ནུའི་འཚར་ལོངས་ལ“སྤྱི་བདེའི་སྲུང་སྐྱོང་ནུས་པ”བཏོན་ཡོད།

    ད་ཐེངས་ཀྱི་སྒྲོག་འགྲེལ་གྱིས་ཁ་བསླུས་ལ་ངོ་རྒོལ་དང་བརྙས་བཅོས་སྔོན་འགོག་སློབ་གསོ་དང་མཉམ་འདྲེས་གང་ལེགས་བྱས་ཤིང་། གསོན་ཉམས་དོད་པའི་གྱོད་དཔེ་དང་གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས། བཅའ་ཁྲིམས་ཤེས་བྱ་དང་བདེ་འཇགས་རྩལ་ནུས་དེ་གཞོན་ནུའི་འཚར་ལོངས་ཀྱི“སྲུང་འཁོར”ལ་འགྱུར་བར་བྱས་ཡོད། སློབ་མ་ཚོར་ཁ་བསླུས་གསལ་འབྱེད་དང་སྔོན་འགོག་གི་ནུས་པ་ལྡན་པར་བྱས་པ་མ་ཟད། ཚང་མས་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་དུས་བདེ་དང་། ཞི་མཐུན། མཛའ་གྲོགས་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་གཏོད་ཆེད་སྒུལ་ཤུགས་བསྣན་ཏེ་གཞོན་ནུ་ལོ་ཆུང་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།