དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    མུའུ་ཁྲི་4.6ཟིན་པའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་པའི་རྣམ་གླིང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས། འདྲི་ཞིབ་བྱེད་རིང་གྱོད་གཞིའི་དོན་དངོས་ཞིབ་བཤེར་གསལ་པོ་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་རྣམ་གླིང་རྫོང་མི་དམངས་སྲིད་གཞུང་དང་། དེ་བཞིན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གྱོད་གཞི་དང་འབྲེལ་བ་ཡོད་པའི་མུའུ་ཁྲི་4.6ཟིན་པའི་མི་ཐབས་རྩྭ་འདེབས་འཛུགས་སྐྲུན་རྣམ་གྲངས་ཁུལ་ཁོངས་ཀྱི་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཏེ། སྐྱེ་ཁམས་སླར་གསོའི་ལས་དོན་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱས་པ་རེད།

    རྣམ་གླིང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིབ་དཔྱོད་གྲོས་འགོ་དང་གཏུག་བཤེར་གྱི་དག་ཐེར་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་ལྟ་འདོམས་འགན་འཁྲི་ཧུར་ཐག་བསྒྲུབས་ཤིང་། རང་བྱུང་སླར་གསོ་དང་མི་ཐབས་སླར་གསོ་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་སྤྱི་འདོམས་སྒོས་སྤྱད་ནས“ཨེ་མ་ཤང་གི་A1ཁུལ་དང་མཚར་ཤང་གི་B2ཁུལ་གྱི་སྤང་སླར་གསོའི་རྣམ་གྲངས”དང་། “2025ལོའི་ཞན་འགྱུར་རྩྭ་ཐང་སླར་གསོའི་རྣམ་གྲངས”“2025ལོའི་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ནགས་གསོ་ནགས་སྐྱོང་རྣམ་གྲངས”སོགས་སྐྱེ་ཁམས་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་པར། རིམ་རྩིས་བརྒྱབ་ན་རིམ་ཁག་ནོར་སྲིད་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སླར་གསོ་བྱེད་ཁྱོན་མུའུ་སྟོང་ཕྲག་ཁ་ཤས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།