དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས།

    གློག་སྒུལ་འཁོར་གསུམ་མའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་པའི་གློག་སྒུལ་འཁོར་གསུམ་མར་ཞིབ་བཤེར་བྱེད་བཞིན་པ།

    “ཁམས་བཟང་། ཁྱེད་ཀྱི་ཁ་ལོ་བའི་ལག་ཁྱེར་སྟོན་རོགས་གནང”“འཕྲུལ་སྒུལ་འཁོར་རིགས་བཏང་ནས་ལམ་དུ་སྐྱོད་པར་ངེས་པར་དུ་ཁྲིམས་ལྟར་དེ་འཚམ་གྱི་ཁ་ལོ་བའི་ལག་ཁྱེར་ལེན་དགོས” ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་པེ་ཅིང་ཤར་ལམ་གྱི་ལམ་དུམ་ཞིག་ཏུ་སླེབས་སྐབས་མི་དམངས་ཉེན་རྟོག་པས་ཞིབ་བཤེར་ས་ཚིགས་བཙུགས་ནས་འཕྲུལ་སྒུལ་འཁོར་གསུམ་མར་གཅིག་སྡུད་གྲལ་བཤེར་བྱེད་བཞིན་འདུག ཁ་ལོ་བའི་ལག་ཁྱེར་མེད་པར་གློག་སྒུལ་འཁོར་གསུམ་གཏོང་བ་དང་གཏན་འབེབས་ལྟར་ཨང་རྟགས་མ་བཀལ་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས། འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཆད་པ་ནན་པོ་བཅད་པ་དང་སྦྲགས། ཁ་ལོ་བར་དུས་བཀག་ནང་ལག་ཁྱེར་གསབ་གཉེར་དང་ཨང་རྟགས་རེ་ཞུ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། དེ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་ཁྲིམས་འགལ་ངང་འཁོར་འཇོག་དང་ལམ་བཟུང་ནས་གཉེར་སྐྱོང་བྱེད་མཁན་སྐོར་སྐྱོད་ཚོང་པ་རྣམས་ལ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ངང་རྒྱུད་རིང་པོས་སྒྲོག་འགྲེལ་དང་། ལམ་བཟུང་ནས་གཉེར་སྐྱོང་བྱེད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གསལ་བཤད་བྱས་ཏེ། ཁོང་ཚོར་དམིགས་བཙུགས་ས་ཆར་བསྐྱོད་དེ་ཁྲིམས་མཐུན་གཉེར་སྐྱོང་བྱ་རྒྱུའི་ཁྲིད་སྟོན་ཡང་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉེ་དུས། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་གློག་སྒུལ་འཁོར་གསུམ་མར་ཨང་རྟགས་དང་ལག་ཁྱེར་མེད་པ་སོགས་ཀྱི་ཚུལ་མིན་སྣང་ཚུལ་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་དང་། “ཁྲིམས་སྒྱུར་དང་དྲིལ་བསྒྲགས”ཟུང་འབྲེལ་ཀྱི་བྱེད་ཐབས་སྤྱད་ཐོག“དུས་གཡོལ་དང་དུས་འགྱངས”ཟུང་འབྲེལ་གྱི་ལས་སྒྲུབ་བྱེད་སྟངས་ལྟར། ཞོགས་པ་དང་། ཉིན་གུང་། དགོང་མོ་བཅས་འགྲུལ་པ་མང་ཤོས་སྐབས་ཉེན་རྟོག་པ་མང་པོ་བཀོད་སྒྲིག་བྱས་ནས་སྐོར་ཞིབ་བྱས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོའི་ལམ་དུམ་དང་། ཚོང་སྐོར། སློབ་གྲྭའི་མཐའ་འཁོར་སོགས་གཙོ་གནད་ས་ཁོངས་སུ“གནས་གཏན་འཁེལ་དུ་ཞིབ་བཤེར་ས་ཚིགས་འཛུགས་པ་དང་སྐོར་སྐྱོད་སྐོར་ཞིབ”ཟུང་འབྲེལ་གྱི་ཕྱོགས་བསྡུས་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པ་དང་། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་གློག་སྒུལ་འཁོར་གསུམ་མའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས། གློག་སྒུལ་འཁོར་གསུམ་མའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་རྐྱེན་གྱིས་བསླངས་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་དང་འགྲིམ་འགྲུལ་འཚང་ཁ་སྔོན་འགོག་དང་ཉུང་གཏོང་ནུས་ལྡན་བྱས་ཏེ། གཏོགས་ཁོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་ཚད་ལྡན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།