དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མཛོ་སྒང་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་རྒན་བཀུར་འཚམས་འདྲིའི་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གི་མེ་གསོད་རུ་མིས་གྲ་སྒྲིག་ཚགས་ཚུད་བྱས་པའི་གཅེས་སེམས་མཚོན་པའི་འཚམས་འདྲིའི་དངོས་པོ་ཁྱེར་ཏེ་རྫོང་རྒན་གསོ་ཁང་དུ་ཡོང་ནས“དགུ་པའི་ཚེས་དགུའི་དུས་ཆེན་ལ་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་པའི”འཚམས་འདྲི་དང་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ཚོར་སེམས་ཁུར་བྱས་པ་རེད།

    བྱེད་སྒོ་སྤེལ་སར་འཕྲོད་བསྟེན་པས་རྒན་རྒོན་མི་རེ་ངོ་རེར་ཁྲག་ཤེད་ལྟ་རོགས་ད་དང་ཁོང་ཚོའི་གཟུགས་པོའི་གནས་ཚུལ་སྐད་ཆ་དྲིས་པ་མ་ཟད། ད་དུང་ངང་རྒྱུད་རིང་པོས་ལུས་སྲུང་གི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་རེད། མེ་གསོད་རུ་མིས་ཕྱགས་མ་དང་འཕྱིད་རས་སོགས་ཁྱེར་ནས་སྒོ་ར་དང་སྤྱི་པའི་ས་ཆར་གཙང་སྦྲ་ཡག་པོ་བྱས་པས། རྒན་གསོ་ཁང་གི་ཕྱི་ནང་ཚང་མའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།