དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱི་རྒྱལ་ཡོངས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཐོག་མ་བདེ་བླག་ངང་འཛུགས་གཏོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-04

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་28ཉིན་ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ལྷན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་དང་རྣམ་གྲངས་ཀྱི་མིང་ཐོ་ཁག་གསུམ་པ་ཁྱབ་བསྒྲགས་བྱས་པར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཚུད་པ་དེ་ལས་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཐོག་མ་བདེ་བླག་ངང་འཛུགས་གཏོད་ཐུབ་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་རང་ངོས་ཀྱི་ཁྲིམས་སྐྱོང་རྨང་གཞི་དང་། ཐོན་ཁུངས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ངེས་གནས་བཅས་ལ་གཞི་ཚུགས་པ་དང་། “ས་མཐོ་བཅོས་སྐྱོང་ཡག་པོ་བྱེད་པའི”དམིགས་ཚད་ལ་གཞིགས་པ་དང་འབྲེལ“བཅོས་སྐྱོང་ཁྲིམས་དང་མཐུན་པ་དང་ཁྲིམས་སྐྱོང་ལེགས་པོ་བྱེད་པའི”འདུ་ཤེས་དང་ཐབས་ལམ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་བྱེད་པའི་བརྩོན་ལེན་བྱས་ཤིང་། འདུན་ཞུ་དང་། འོས་སྦྱོར། དེའི་ནང་དུ་ཚུད་པ། བློ་ཡིད་ཚིམ་མིན་ཚད་ལེན་དཔྱད་བསྡུར། ས་གནས་ས་ཐོག་གི་དཔྱད་དཔོག་སོགས་ལྷུ་ཚིགས་དང་ཕྱོགས་ཁག་མང་པོའི་དཔྱད་ཞིབ་བྱས་མཐར་རྒྱལ་ཡོངས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཕྱོགས་བསྡུས་དཔེ་སྟོན་རྫོང་ཁག་གསུམ་པ་བདེ་བླག་ངང་འཛུགས་གཏོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།