དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྱང་རྩྭ་ཐང་གི་ཁྲིམས་འཛིན་ལག་བསྟར་ལས་རོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-03

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཕེང་ཆི། ལྟ་སྦྱོང་གསར་འགོད་པ། ཐུབ་བསྟན་རིན་ཆེན།

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་ཁྲིམས་འཛིན་ལག་བསྟར་ལས་རོགས་པ་བསོད་ཆེ་གེ་མོའི་ལག་ཐོགས་ཁ་པར་གྱི་དྲིལ་བརྡ་གྲགས་མ་ཐག་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་ཚེ་རིང་ནོར་བུར་གཞོགས་འདེགས་བྱེད་དགོས་པའི་ཞིབ་བཤེར་རམ་འདེགས་ལས་འགན་འབྱོར་བ་རེད།

    ཟླ་10པའི་ཟླ་དཀྱིལ་དུ། ས་བབ་སྨི་4800ཡོད་པའི་ས་མཐོའི་འབྲོག་རར་གྱོད་གཞི་ཞིག་ཐོན་པ་དང་ཁོང་གཉིས་པོ་གནད་དོན་ཐག་གཅོད་བྱེད་པར་བསྐྱོད།

    ཚང་མས“གཞི་རིམ་གྱི་ཁྲིམས་འཛིན་ལག་བསྟར་ལས་རོགས་པ”ནི་ཅི་ཞིག་བྱེད་མཁན་ཡིན་པ་ཧ་གོ་གི་མེད།

    དེ་ཨ་མདོ་རྫོང་གི་ས་ཁམས་ཁོར་ཡུག་ནས་འགོ་བཙུགས་ཏེ་བརྗོད་དགོས་ཀྱི་ཡོད།

    ཨ་མདོ་རྫོང་ནི་ནག་ཆུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཤིང་། ས་རྒྱ་ཆེ་ལ་མི་འབོར་ཉུང་། སྤྱི་ལེ་ངོས་གྲུ་ཁྲི་10ལྷག་ཙམ་གྱི་ས་ཆར་ལག་བསྟར་ཁྲིམས་དཔོན་གཤམ་སྐྱོད་བྱེད་པར་རླངས་འཁོར་བཏང་ནས་སྤྱི་ལེ་བརྒྱ་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། “མི་རྙེད་དཀའ་བ་དང་། རྒྱུ་ནོར་འཚོལ་དཀའ་བ། ཡིག་ཆ་སྐྱེལ་དཀའ་བ”བཅས་ནི་ཁྲིམས་འཛིན་དྲང་བདེན་དང་མང་ཚོགས་ཁེ་དབང་དབར་གྱི་དངོས་ཡོད་འགོག་རྐྱེན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང” མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ལག་བསྟར་བྱེད་དཀའ་བའི་གནད་དོན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བཀོད་ཇུས་ཆེན་པོའི་ནང་བཅུག་ནས། ཤང་དང་གྲོང་རྡལ་གྱི་སྲིད་ཁྲིམས་ཨུ་ཡོན་དང་། གྲོང་སྡོད་ལས་དོན་རུ་མི། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་མི་སྣ་བཅས་བསྡུ་སྒྲིལ་བྱས་ཐོག ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྒྲིལ་དང་ཐབས་མང་མཉམ་སྤྱོད་ཀྱིས་ཐབས་ལམ་གསར་པ་དང་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“མི་དང་། ས་ཆ། དོན་དག་བཅས་ཚང་མར་རྒྱུས་མངའ་ཆེ་བའི”གཞི་རིམ་གྱི་ཁྲིམས་འཛིན་ལག་བསྟར་ལས་རོགས་པའི་དཔུང་ཁག་ཅིག་བཙུགས་པ་རེད།

    ཁོང་ཚོ་ནི་ཁྲིམས་ཁང་གི་མིག་དང་རྣ་ལྟ་བུ་ཡིན་ལ། མང་ཚོགས་ཉེ་འགྲམ་གྱི་བཅའ་ཁྲིམས་གསལ་འགྲེལ་པ་ཞིག་ཀྱང་ཡིན།

    ད་འོ་ན་དཔུང་ཁག་འདིས་ཁྲིམས་འཛིན་ལག་བསྟར་ལ་རམ་འདེགས་བྱེད་པའི་འཇོན་ཐང་ཇི་ལྟར་སྦྱངས་པ་ཡིན་ནམ།

    ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཀག་ལྟར་ལག་བསྟར་གོ་རིམ་དང་། འབྲེལ་གཏུག་ཐབས་རྩལ། ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་སོགས་ཆེད་དོན་གསོ་སྦྱོང་དང་བཞུགས་མོལ་སྒྲིག་འཛུགས་བྱས་ཏེ། ཁྲིམས་འཛིན་ལག་བསྟར་ལས་རོགས་པ་བཅའ་ཁྲིམས་ལས་དོན་ཐད“ཆ་རྒྱུས་མེད་པ”ནས“བྱང་ཆུབ་པ”ཞིག་ཏུ་འགྱུར་བར་གསོ་སྦྱོང་བྱེད་ཀྱི་ཡོད། ཁྲིམས་དཔོན་གྱིས་ཁ་པར་བརྒྱུད“ལས་འགན་རྩིས་སྤྲོད”བྱེད་པ་དང་ཁྲིམས་འཛིན་ལག་བསྟར་ལས་རོགས་པས“དྲ་ཐོག་ནས་ལས་འགན་དང་ལེན”བྱས་ནས་ལས་འགན་འཕྲལ་མར་བསྒྲུབས་པ་དང་ཚུར་ལན་འཕྲལ་མར་ཐོབ་པར་བྱས་ཏེ། ཁྲིམས་དཔོན་ལམ་སེང་མ་སླེབས་པའི་ལས་ཕྱོད་དམའ་བའི་རྣམ་པར་གཞི་རྩ་ནས་འགྱུར་ལྡོག་བྱུང་ཡོད། གཞན་ཡང་ལོ་འཁོར་གྱི་གཟེངས་བསྟོད་སྤྲོད་པ་དང་དཔེ་མཚོན་གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་འཛིན་ལག་བསྟར་ལས་རོགས་པའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས“མངགས་ཐོ”ཐེངས་50ལྷག་ཙམ་སྤྲད་པ་དང་། ལག་བསྟར་བྱ་ཡུལ་མི་ཐེངས་310བདེ་བླག་ངང་བཙལ་འཚོལ་ཐུབ་པ། རྒྱུ་ནོར་གྱི་ཁུངས་སྣེ་380ལྷག་ཙམ་ལ་ཞིབ་བཤེར་བྱས་པ། ཁྲིམས་འཛིན་ལག་བསྟར་ལས་རོགས་པའི་གཞོགས་འདེགས་འོག་གྱོད་གཞི་140ལྷག་ཙམ་ཐག་གཅོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ཚད་40%ཙམ་ཉུང་དུ་ཕྱིན་པ་དང་། འཁོར་རིགས་གཏོང་ཚད་སྤྱི་ལེ་ཁྲི་4ལྷག་ཙམ་ཉུང་དུ་ཕྱིན་པ་བཅས་རེད།

    གྲངས་ཀ་དེ་དག་ནི་ལམ་སྲོལ་ལས་བྱུང་བའི་བཅོས་སྐྱོང་ཕན་ནུས་ཏེ། དང་ལེན་བྱེད་མགྱོགས་སུ་ཕྱིན་པ་དང་ལག་བསྟར་དུས་འཁོར་ཆེས་ཆེར་ཉུང་དུ་ཕྱིན་པ། མ་གནས་ཆག་པ་དང་ཁྲིམས་འཛིན་ཐོན་ཁུངས་བཀོད་སྒྲིག་གནད་འཁེལ་བྱུང་བ། སྐུལ་འདེད་ལུགས་མཐུན་ཐུབ་པ་དང་རང་འགུལ་ངང་ལག་བསྟར་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཡིད་ཆེས་ཐོབ་ཚད་ཆེ་རུ་ཕྱིན་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་བཅས་རེད།

    ཁེར་རྐྱང་ལས་སྒྲུབ་བྱེད་པ་ནས་སྣེ་མང་མཉམ་སྒྲུབ་བྱེད་པའི་བར་དང་། “གྱོད་གཞི་སྒྲུབ་པ”ནས“འབྱུང་རྩ་བཅོས་སྐྱོང་བྱེད་པའི”བར་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས“ཁྲིམས་ཁང་དང་གཞི་རིམ་ཟུང་འབྲེལ”དང“ལག་བསྟར་དང་དྲ་མིག་ཟུང་འབྲེལ”གཏིང་ཟབ་བྱས་ཏེ། དང་ལེན་བྱེད་ཚད་དེ་བས་མགྱོགས་པ་དང་། ཁྱབ་རྒྱ་དེ་བས་ཆེ་བ། མང་ཚོགས་བློ་ཡིད་ཚིམ་ཚད་དེ་བས་མཐོ་བ་བཅས་ཀྱི་ལག་བསྟར་དྲ་རྒྱ་ཞིག་ཧུར་ཐག་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།