སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁྲིམས་སས་སྡེ་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ།
སྡེ་ཁུལ་གྱི་གྲོང་མིའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་ཏན་ཏིག་བཏང་ནས“སྤྱི་ཚོགས་འཚོ་བའི་རིག་གནས་ཀུན་བཏུས་དཔེ་དེབ”ཡིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》མི་སེར་ཚང་མས་ཤེས་པར་བྱ་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁྲིམས་སའི་ལས་བྱེད་ཉེན་རྟོག་པ་ཁོངས་གཏོགས་ཁུལ་གྱི་འཆམ་མཐུན་དགའ་ཚལ་གླིང་ཁུལ་ཆུང་དུ་བསྐྱོད་དེ། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་ནང་དོན་འཚོ་བ་དངོས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་དྲིལ་བསྒྲགས་འཕྲེད་ཡིག་འགེལ་བ་དང་། བཅའ་ཁྲིམས་བློ་འདྲིའི་ལས་སྟེགས་བཀོད་སྒྲིག བཅའ་ཁྲིམས་ཁྱབ་གདལ་གྱི་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ནས། ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ལག་དེབ་སྤྲད་ཅིང་། དེ་དག་གི་གྲས་སུ་དངོས་པོའི་བདག་དབང་དང་། གྱན་རྒྱ། གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་ནང་དོན་ཚུད་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་700ལྷག་ཙམ་སྤྲད་པ་དང་། རྒན་རྒོན་དང་། བུད་མེད། གཞོན་ནུ་ལོ་ཆུང་བཅས་ཚོགས་སྤྱི་མི་འདྲ་བ་ཚུད་པའི་མི་ཐེངས་15ཡི་མང་ཚོགས་ཀྱི་བློ་འདྲིར་ལན་བརྒྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།