དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་མེ་ཟོན་པས་བྱ་ཐབས་མང་པོ་སྤྱད་དེ་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-28

    འདི་ནི་མེ་ཟོན་པས་བདེ་འཇགས་ཤེས་བྱ་གསལ་འགྲེལ་རྒྱག་བཞིན་པ།

    འདི་ནི་མེ་ཟོན་པས་མེ་ཟོན་ཡོ་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་མེ་ཟོན་པས་དངོས་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་ཟོན་ནང་སྦྱོང་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཡིག་ཆའི་བླང་བྱ་དོན་འཁྱོལ་ནན་པོ་བྱ་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་རུ་ཆེན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་པ་མང་པོ་དང་མཉམ་དུ་རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གྲ་སྒྲིག་ཨང་བསར་བྱས་ཤིང་། “གནོད་འཚེར་ཁ་གཏད་གཅོག་ནུས་ཆེར་གཏོང་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེར་གཏོང”དང“ཕྱི་རོལ་དུ་མེ་སྤྱོད་རྒྱུར་བཀག་འགོག་བྱས་ཏེ་སྔོ་ལྗང་ཁྱིམ་གཞིས་སྲུང་བ”སོགས་བརྗོད་དོན་གཙོ་བོར་བྱས་པའི་འཕྲེད་ཡིག་སྦྱར་ཏེ“ཚང་མས་དོ་ཁུར་དང་ཚང་མ་དེར་ཞུགས་པའི”དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས་མཐའ་འཁོར་མང་ཚོགས་ལྟད་མོར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    དཔྱད་གཞིའི་ཡིག་རིགས་སྤྲོད་རིང་རུ་ཆེན་གྱི་དྲིལ་བསྒྲགས་པས་འགྲོ་འོང་བྱེད་མཁན་མང་ཚོགས་ལ《ནགས་ཚལ་གྱི་མེ་ཟོན་སྲོལ་ཡིག》གནད་བསྡུས་ལག་དེབ་དང་། དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་ཡི་གེ་སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་200ལྷག་ཙམ་སྤྲད་ནས་གནོད་འཚེ་སྔོན་འགོག་གི་སྲིད་ཇུས་དང་མེ་ཟོན་གྱི་རྒྱུན་ཤེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། གྱོད་དཔེར་གསལ་འགྲེལ་རྒྱག་རིང་དྲིལ་བསྒྲགས་པས་ཉེ་བའི་ལོ་ཤས་རིང་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཉེ་འཁོར་གྱི་དཔེ་མཚོན་གྱོད་དཔེ་དང་ནགས་ཚལ་མེ་སྐྱོན་གྱི་དོན་རྐྱེན་ངོ་མ་དང་ཟུང་འབྲེལ་བྱས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་སྒྲིག་འགལ་མེ་སྤྱོད་དང་གནོད་འཚེར་ཁ་གཏད་གཅོག་སྟངས་མ་ཤེས་པའི་མཇུག་འབྲས་ཚབས་ཆེན་ལ་འགྲེལ་བཤད་བརྒྱབ་ནས། འབྲེལ་ཡོད་གཏན་འབེབས་དང་འགལ་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཏེ་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་མེ་ཟོན་གྱི་དགོས་གཏུག་རང་བཞིན་ཐད་ཀར་ཚོར་དུ་བཅུག་པ་རེད།

    ད་ཐེངས་སྣ་མང་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་གྲོང་མིའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲཌ་ཀྱི“སྟོང་ཆ”གནད་ལ་འཁེལ་བའི་སྒོ་ནས་བསྐངས་པ་མ་ཟད། མང་ཚོགས་ཀྱི་བདེ་འཇཌ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་སྔར་བས་ཆེ་རུ་ཏན་ཏིག་ཕྱིན་ནས། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།