མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལོ་མཇུག་གི་བསྐྱར་སྦྱོང་ཡིག་རྒྱུགས་གྲ་སྒྲིག་བྱེད་འགོ་ཚུགས་པ།
དམིགས་བསལ་ཉེན་རྟོག་པའི་དངོས་འཐབ་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་སྟེ། སྤྱོད་ཚུལ་བཟང་པོ་དང་འགག་སྒྲོལ་གྱི་སྙིང་སྟོབས་ལ་ཞུན་བརྡར་བྱ་ཆེད། ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“དངོས་འཐབ་ཀྱི་དགོས་མཁོ”དང“དཔུང་ཁག་འཛུགས་སྐྱོང”ལ་དམིགས་ཏེ། 2025ལོའི་ལོ་མཇུག་གི་དཔྱད་ཞིབ་བསྐྱར་སྦྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བསྐྱར་སྦྱོང་བྱེད་རིང་། “ཐམས་ཅད་དངོས་འཐབ་ཀྱི་ཆེད་དུ་དང་། ཐམས་ཅད་དངོས་འཐབ་ལ་ཞབས་ཞུ། ཐབས་ཅད་རྒྱལ་ཁ་ལེན་ཆེད”བཅས་ཀྱི་དངོས་འཐབ་དགོས་མཁོར་གཞི་ཚུཌ་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རུ་མིའི“དམག་མི་རྐྱང་པས་འཐབ་འཛིང་ཐུབ་པ་དང་། ཚོགས་ཆུང་གིས་གཞོགས་འདེགས་ཐུབ་པ། ས་ཁོངས་ཡོངས་དང་འཚམ་པ”བཅས་ཀྱི་རྨང་གཞིའི་ནུས་པར་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། འགག་རྩའི་དུས་སུ“དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ”བཅས་ལ་འགན་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།