ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་གཞུང་གཏུག་པའི་ལས་སྒོའི་འགྲན་བསྡུར་སྐབས་གསུམ་པ་བདེ་བླག་ངང་གཉེར་བ།
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་གཞུང་གཏུག་པའི་ལས་སྒོའི་འགྲན་བསྡུར་སྐབས་གསུམ་པ་བདེ་བླག་ངང་གཉེར་ཞིང་། ཡིག་རྒྱུགས་དང་ལད་ཟློས་ཁྲིམས་རའི་རྩོད་གླེང་བྱས་པ་བརྒྱུད། ལས་སྒོ་བྱང་ཆུབ་པ་དང་འཇོན་ཐང་ཆེ་བའི་ཕུལ་བྱུང་གཞུང་གཏུག་པ་ཁག་གཅིག་ཐོན་པ་དང་། འགྲན་བསྡུར་རིང་ཁྱོན“ཕུལ་བྱུང་གཞུང་གཏུག་པ”དང་། “ལས་སྒོའི་འཇོན་ཐང་ཅན”“རྩོད་གླེང་པ་ཡག་ཤོས” “ཕུལ་བྱུང་རྩ་འཛུགས་བྱ་དགའ”སོགས་བྱ་དགའ་མང་པོ་བདམས་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་ནག་ཆུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེས་མཐོའི་ཞིབ་དཔྱོད་ཁང་གི“མཁས་པོ་རྣམ་གསུམ”གྱི་བླང་བྱ་གལ་ཆེན་རང་རྟོགས་ངང་ལག་བསྟར་བྱས་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་ཡིན་ལ། ནག་ཆུའི་དོན་དངོས་ལ་གཞི་ཚུགས་ནས་ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དང་རིམ་པ་གོང་མའི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་བླང་བྱ་ཞིབ་ཕྲའི་ལག་ལེན་དུ་སྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧའེ་པོ་ཡི་བརྟག་ཞིབ་མཛུབ་ཁྲིད་ཀྱི་བླང་བྱ་དང་བསྡུར་བ་བྱས་ནས་དཔུང་ཁག་གི་ཆེད་ལས་ཅན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དེ་བས་ཀྱང་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།