དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱིས་སྒོར་ཁྲི་134ཟིན་པའི་རྩོད་གཞི་ཞིག་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-28

    ཉེ་ཆར། གྲོང་མི་ཧྲེང་ལགས་དང་བཅས་པ་ཆེད་མངགས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་རྒྱ་མཚོ་གཞུང་ཤང་མངགས་གཏོང་ཁང་དུ་ཡོང་ནས“དམངས་ཆེད་འགན་འཁྲི་འཁུར། དྲོ་སྐྱིད་དམངས་ལ་སྦྱིན”ཞེས་འཁོད་པའི་གོས་དར་མི་དམངས་ཉེན་རྟོག་པར་ཕུལ་ནས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད། གོས་དར་དེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་མང་ཚོགས་ལ་དངུལ་སྒོར་ཁྲི་134ལེན་རོགས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པར་སྤྲད་པ་ཞིག་རེད།

    ཟླ་10ཚེས་9ཉིན་གྱི་ཆུ་ཚོད་12ཙམ་ལ། རྒྱ་མཚོ་གཞུང་ཤང་མངགས་གཏོང་ཁང་ལ་ཚོང་གཞུང་གྲོང་ཚོའི་རྒྱལ་ལམ་349ཡི་འགྲམ་དུ་ཐོན་པའི་རྩོད་གཞི་ཞིག་ཐག་གཅོད་བྱེད་དགོས་པའི་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར། བཀའ་འབྱོར་འཕྲལ་མི་དམངས་ཉེན་རྟོག་པས་རླངས་འཁོར་བཏང་ནས་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཨར་ལས་ཕྱོགས་ཀྱི་འཐུས་མི་དང་། རྒྱུ་ཆ་མཁོ་འདོན་ཕྱོགས་ཀྱི་འགན་འཁུར་བ། དེ་བཞིན་གྲོང་མི་ཧྲེང་ལགས་བཅས་གུན་གསབ་སྐོར་ལ་རྩོད་པ་རྒྱག་བཞིན་ཡོད། མི་དམངས་ཉེན་རྟོག་པས་དེ་འཕྲལ་སློབ་གསོ་བརྒྱབ་ནས་རྩོད་གཞི་འཇགས་པར་བྱས་པ་མ་ཟད། མི་གསུམ་པོ་མངགས་གཏོང་ཁང་དུ་འཁྲིད་ནས་འདུམ་འགྲིག་བྱས།

    མི་དམངས་ཉེན་རྟོག་པས་ཆུ་ཚོད་10ཙམ་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད། དེ་ཉིན་གྱི་ཆུ་ཚོད་22ཙམ་ལ་ཕྱོགས་གསུམ་པོས་ཁ་ཆད་ལྟར་དངུལ་སྒོར་ཁྲི་134གུན་གསབ་སྤྲོད་རྒྱུ་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།