ཨེ་མ་ཁྲིམས་རའི་དཔེ་མཚོན་གྱོད་དཔེ་ཞིག་ཆེས་མཐོའི་ཁྲིམས་ཁང་གི་མི་དམངས་ཁྲིམས་ར་འཛུགས་སྐྱོང་གི་གྱོད་དཔེར་ཚུད་པ།
ཉེ་ཆར། རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་ཨེ་མ་མི་དམངས་ཁྲིམས་རའི་གྱོད་དཔེ་ཞིག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི“ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར་བཙུགས་ནས་ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་འདུམ་འགྲིག་འགན་ནུས་ལ་མཛུབ་སྟོན་ཏན་ཏིག་བྱེད་པའི”དཔེ་མཚོན་གྱོད་དཔེ་ཁག་ཐེངས་གསུམ་པ་དང་། དུས་རབས་གསར་པའི་མི་དམངས་ཁྲིམས་ར་འཛུགས་སྐྱོང་གི་གྱོད་དཔེ(དགུ)ཡི་ནང་བདེ་བླག་ངང་ཚུད་པ་རེད།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་།“དུས་རབས་གསར་པའི‘ཧྥེང་ཆའོ་ཉམས་མྱོང'མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ”དང་། “ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ” “སྤྱི་ཚོགས་རྩ་འཛུགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ”བཅས་སྐོར་གྱི་ཏང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་བཀོད་སྒྲིག་གལ་ཆེན་དང་དེ་བཞིན“གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་སྔོན་འགོག་དང་ཐག་གཅོད་བྱེད་པའི་བཀོད་སྒྲིག”སྐོར་གྱི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་ཁྲིམས་རས་འདུམ་འགྲིག་ལ་མཛུབ་ཁྲིད་བྱེད་པའི་ཁྲིམས་གཏན་འཁེལ་བའི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། ཁྲིམས་འཛིན་ཐོན་ཁུངས་དང་བཅོས་སྐྱོང་རྒྱུ་རྐྱེན་གཞན་དག་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་ཀྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར”འཛུགས་སྐྱོང་གི་དཔེ་སྟོན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་གོ་སྐབས་སུ་བརྩིས་ནས“ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར་བཏོད་ནས་ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་འདུམ་འགྲིག་འགན་ནུས་ལ་མཛུབ་ཁྲིད་ཏན་ཏིག་བྱ་རྒྱུའི”དཔེ་མཚོན་གྱོད་དཔེའི་བདམས་སྒྲིག་ལས་དོན་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།