དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་མཉམ་འགུལ་ལམ་སྲོལ་ལ་བརྟེན་ནས་ལག་བསྟར་གྱི་དཀའ་གནད་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-28

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“མི་དང་དངོས་པོ་འཚོལ་བའི”ལྟེ་བའི་དཀའ་གནད་གཙོ་བོར་འཛིན་པ་དང་། “ལག་བསྟར་མཉམ་འགུལ་ལམ་སྲོལ”གྱིས་གནད་སྨིན་ཤུགས་འདོན་བྱ་རྒྱུ་སྤྱོད་མཁས་པོ་བྱས་ཏེ། ལག་བསྟར་བྱ་ཡུལ་གྱིས་ལེན་དགོས་ངེས་ཀྱི་ལས་གྲྭའི་དངུལ་བསྡམས་བཅད་དང་འཐེན་སྒྱུར་བྱས་པ་བརྒྱུད། ལག་བསྟར་གྱི་ནར་ལུས་གྱོད་གཞི་གཉིས་ཐེངས་གཅིག་ལ་གྱོད་ཐག་བཅད་པས“གྱོད་གཞི་གཅིག་འགག་སྒྲོལ་ཐུབ་ན་གྱོད་གཞི་མང་པོའི་དཀའ་གནད་སེལ་བའི”ཕན་འབྲས་བཟང་པོ་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཝང་ཆེ་གེ་མོ་དང་དེ་བཞིན་ཀུང་སི་གཉིས་ཀྱིས་ཁེ་ལས་ཀ་པ་དང་ཁ་པ་གཉིས་ལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་345ལྷག་ཙམ་འགྱངས་ཆད་བྱས་པར་རེ་ཞུ་མཁན་གྱིས་རག་ཐབས་ཐེངས་མང་བྱས་ཀྱང་ཕན་འབྲས་ཐོན་མེད། ལག་བསྟར་ཁྲིམས་དཔོན་གྱིས་རྒྱུ་ནོར་གྱི་ཁུངས་སྣེ་ཐེངས་མང་བཙལ་རྗེས་ལག་བསྟར་བྱ་ཡུལ་གྱིས་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཅུས་ལ་ལས་གྲྭའི་འཕྲོ་དངུལ་གཙང་རྩིས་བརྒྱབ་མེད་པ་མ་ཟད། བུ་ལོན་ལག་བསྟར་གྱི་གྱོད་གཞི་མང་པོའི་ཐུན་མོང་བུན་འགན་འཁུར་མི་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཕན་འབྲས་མཐོ་རུ་བཏང་ནས་རྒྱུ་ནོར་གྲོན་ཆུང་དང་བསྐྱར་དུ་ལག་བསྟར་བྱེད་མི་དགོས་པ་བྱ་ཆེད། ཁྲིམས་ཁང་གིས་གྱོད་གཞི་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་འགོ་བཙུགས་ཏེ། གཞོགས་འདེགས་ཚན་པར་ལག་བསྟར་གྱི་བརྡ་ཐོ་བཏང་ནས། དེ་གོང་བསྡམས་བཅད་བྱས་པའི་ལས་གྲྭའི་དངུལ་རྣམ་གྲངས་ཀྱི་རྩིས་བཤེར་དོན་འཁྱོལ་བྱུང་རྗེས་བདེ་བླག་ངང་ཁྲིམས་ཁང་གི་རྩིས་ཁྲར་བསྒྱུར་བ་དང་ཆབས་ཅིག ཉིན་དེ་རང་ལ་གྱོད་དངུལ་སྤྲད་ནས་ཁ་མཆུ་ཐོབ་པའི་ཁེ་དབང་འཕྲལ་དུ་ལག་བསྟར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།