དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

    ​ ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74ཚང་མ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-22

    “ལྟེ་གནས་གཅིག་ནས་མང་ཚོགས་ཀྱི་དཀའ་ངལ་མང་པོ་ཐག་གཅོད་ཐུབ” མིག་སྔར། མང་ཚོགས་ཚོས་རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འཁོར་སྐྱོད་ནུས་པ་ཆེན་པོ་ཡོད་པ་གསལ་པོ་ཤེས་ནས་འགལ་ཟླ་ཡོད་ཚེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་རྒྱུ་དེ་མང་ཚོགས་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རང་ལྗོངས་ཀྱི་རྫོང(ཆུས)74ཡི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་དངོས་ཡོད་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་ཞིང་། དེའི་ནང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་པའི་ཁྲིམས་ཁང་ནི་དམངས་ཕན་ཁྲིམས་འཛིན་གྱི་སྐར་ཁུང་མདུན་མ་ཞིག་རེད། མིག་སྔར། ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74དུས་བཀག་ལྟར་བཅའ་སྡོད་ལས་འགན་ལེགས་གྲུབ་ཟིན་ཞིང་། ཁྱོན་བསླབ་པ་རྒན་གྲས་ཁྲིམས་དཔོན་41དང་། ཁྲིམས་དཔོན་ལས་རོགས་25 དྲུང་ཡིག་32བཅས་དང་དེ་བཞིན་ཆེད་མངགས་གདན་ཞུའི་འདུམ་འགྲིག་པ་9ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཡོད།

    གསར་འགོད་པས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར། གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པར་ཧུར་ཐག་ཞུགས་ནས་ཁྲིམས་ཁང་ཕྱོཌ་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱེད་སྟངས་དང་འགན་འཁྲི་ཁ་གསལ་བཟོ་ཆེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སུ་མི་དམངས་ཁྲིམས་ཁང་གི་ལས་དོན་མི་སྣ་བཅའ་སྡོད་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་ཏེ“དམངས་དོན་རྩོད་གཞི་ཉེས་དོན་གྱོད་གཞིར་བསྒྱུར་རྒྱུ”སྔོན་འགོག་བྱ་ཆེད། ད་དུང《འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱས་ནས“དམངས་དོན་རྩོད་གཞི་ཉེས་དོན་གྱོད་གཞིར་བསྒྱུར་བར”སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལས་དོན་སྤེལ་ཐབས(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཟོས་ཏེ། འབྱུང་རྩ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་བཏོན་ཏེམཉམ་དུ་འགལ་ཟླ་དང་རྩོད་གཞི་འདུམ་སྒྲིག་ཐུབ་ཐབས་བྱས་ཡོད།

    འགལ་ཟླ་དང་རྩོད་གཞི“གཅིག་འཐུས་རྣམ་པའི”བདག་སྤྲོད་དང་། “སྡེབ་གཅིག”ཐག་གཅོད། “ཕྲེང་སྦྲེལ”ཐག་གཅོད་བཅས་བྱས་པའི་ནང་གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལས་དོན་གྱིས་སྤྱིའི་ལས་དོན་གྱི་ཆ་ཤས་ཆེན་པོ་བཟུང་ཡོད།

    ཉེ་ཆར། ཁྲེན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་རྗེས། ཐེངས་གཅིག་ལ་ཚོང་སྒྱུར་ཁང་པ་སྔོན་ཚོང་གི་གན་རྒྱའི་རྩོད་གཞི་105བདེ་བླག་ངང་འདུམ་འགྲིག་བྱས་ཤིང་། གྱོད་འབྲེལ་དངུལ་སྒོར་ཁྲི་600ཚང་མ་དུས་ཐོག་ཏུ་ལག་བསྟར་ཐུབ་པར་དོ་བདག་གི་བསྔགས་བརྗོད་ཐོབ་པ་མ་ཟད། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ཉེན་ཁ་སྔོན་འགོག་ནུས་ལྡན་ཐུབ་ནས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།

    “ང་ཚོས་ཁྲིམས་ཁང་གྱོད་སྒྲུབ་མ་ལག་དང་གྲངས་འཛིན་ཁྲིམས་ར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྤོ་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་གཏོང་བཞིན་ཡོད། གཏུག་བཤེར་ཞབས་ཞུ་ཚོགས་པ་འཐབ་ས་དང་པོར་བཅའ་སྡོད་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ་ཆེད་ལས་ཁྲིམས་འཛིན་ཞབས་ཞུ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འབྲེལ་མཐུད་དམ་ཟབ་བྱས་ཏེ་མང་ཚོགས་ལ་ས་གནས་ས་ཐོག་ཏུ་གྱོད་དོན་ཐོ་འགོད་དང་ས་གནས་ས་ཐོག་ཏུ་འདྲི་གཅོད་བྱེད་པའི‘གཅིག་འཐུས་རྣམ་པའི’སྟབས་བདེ་བསྐྲུན་ཡོད”ཅེས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཐིང་གི་དིང་ཀྲང་ཀུན་དགས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།