དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་གསོད་ལག་རྩལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    འདི་ནི་མེ་ཟོན་དྲིལ་བསྒྲགས་པས་ལས་ཡུལ་དུ་མེ་གསོད་ཡོ་ཆས་སྤྱོད་སྟངས་སློབ་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་2025ལོའི་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གི་མེ་ཟོན་རོགས་སྐྱོབ་ཆེད་ལས་ལག་རྩལ་གསོ་སྦྱོང་གི“ས་ཚིགས་དང་པོ”སྟེ་ཨར་སྐྲུན་མེ་སྐྱོན་འགོག་ཟོན་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་7ནས་ཡོང་བའི་རྐང་འཛིན་པ་55ཡིས་ཉིན་10ཡི་དངོས་འཐབ་སྦྱོང་བརྡར་བྱེད་རིང་རིགས་ཆེན་པོ་གསུམ་གྱི་རྣམ་གྲངས་28ཀྱི་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་དཔྱད་ཞིབ་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ། གཏན་འཁེལ་གྱི་སློབ་ཚན་ཚང་མ་ལེགས་གྲུབ་བྱུང་བ་མ་ཟད་སློབ་མཇུག་བདེ་བླག་ངང་འགྲིལ་བ་རེད།

    ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ལོ་འཁོར་གྱི་གཞི་ཁྱོན་ཆེ་བའི་གསོ་སྦྱོང་རབ་དང་རིམ་པའི“ས་ཚིགས་དང་པོ”ཡག་པོ་གཉེར་ཆེད། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་གསོ་སྦྱོང་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་ལྗོངས་ཡོངས་ཀྱི་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ནས་བརྒྱུད་རིམ་ཧྲིལ་པོར་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ། ཉིང་ལག་རུ་ཁག་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་ཇུས་འགོད་ཞིབ་ཚགས་དང་། སྒྲིག་འཛུགས་ཞིབ་ཚགས། ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ཡོད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་གསར་རྐྱང་དང་། ཚན་རིག་དང་མཐུན་པ། ལུགས་མཐུན་བཅས་ཀྱི་འཚོལ་ཞིབ་ནུས་ལྡན་བྱས་པ་ཞིག་ཡིན་པའི་ངོས་ནས་ཆད་སྐྱོན་དང་ཞན་ཆར་དམིགས་པར་བརྟེན་ལག་རྩལ་གྱི་ནུས་པ་དང་ཚོགས་པའི་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ནུས་ལྡན་ཕྱིན་ཞིང་། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་ནི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་ཞིག་དང་དངོས་འཐབ་ཀྱི་སྦྱོང་བརྡར་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།