དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གིས“རྒྱལ་དར་རིག་གནས་ལས་བྱིས་པར་སློབ་གསོ་གཏོང་བའི”རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    འདི་ནི་སློབ་མ་ཚོས་དགེ་རྒན་གྱི་སློབ་ཁྲིད་ནན་ཏན་ངང་ཉན་བཞིན་པ།

    འདི་ནི་ལག་ལེན་བྱེད་སྒོའི་ཁྲོད་སློབ་མ་ཚོས་ཉལ་ཆས“གྲུ་བཞི་ཤོ་འདྲ་བ”ཞིག་བསྡུ་སྟངས་སྦྱོང་བཞིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གིས“རྒྱལ་དར་རིག་གནས་ལས་བྱིས་པར་སློབ་གསོ་གཏོང་བའི”རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་བོད་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་གླིང་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་རྒྱལ་སྲུང་སློབ་གསོའི་གསོ་སྦྱོང་རྟེན་གཞིའི་རྩལ་ཁྲིད་དགེ་རྒན་གྱིས་རྒྱལ་དར་ཆེན་པོ་ཞིག་ཁྱེར་ནས་རྒྱལ་དར་གྱི་ཐིག་རིས་དང་སྐར་ལྔའི་དར་དམར་གྱི་ཆེ་ཆུང་སོགས་གསལ་འགྲེལ་བྱས་པ་རེད། དེ་དང་ཆབས་ཅིག་གསར་བརྗེའི་སྔོན་བྱོན་པས་རྒྱལ་དར་སྲུང་བའི་གཏམ་རྒྱུད་དང“གསར་བརྗེའི་གློག་བརྙན་ཐུང་གྲས”ཟུང་འབྲེལ་བྱས་པ་དང་། གནམ་བདེ་སྒོ་མོ་ཆེར་རྒྱལ་དར་སྒྲེང་བའི་བརྙན་ཐུང་བསྟན་ཞིང་། རྒྱལ་གླུ་བཏང་མ་ཐག་སློབ་མ་ཚོས་རང་འགུལ་ངང་ཡར་ལངས་ཏེ་མིག་འདུད་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།