དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མལ་གྲོ་གུང་དཀར་རྫོང་གིས་རྒྱལ་སྲུང་སློབ་གསོ་སློབ་མའི་སེམས་སུ་ཟུག་པར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    འདི་ནི་སློབ་མ་ཚོར་གསར་བརྗེའི་སྔོན་བྱོན་པའི་མི་སེམས་འགུལ་བའི་མཛད་རྗེས་བརྗོད་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་རིང་བཀག་རྡོ་སྒྲོལ་བའི་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བྱེད་སྒོ་སྤེལ་རིང་བཀག་རྡོ་སྒྲོལ་བའི་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར་མལ་གྲོ་གུང་དཀར་རྫོང་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་གླིང་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་རྒྱལ་སྲུང་སློབ་གསོའི་གསོ་སྦྱོང་རྟེན་གཞི་དང་མཉམ་འབྲེལ་གྱིས་རྫོང་སློབ་གསོ་ཅུས་དང་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་མཉམ་དུ་ཉི་མ་ལྕང་རྭ་ཤང་ལྟེ་བའི་སློབ་ཆུང་གི་གཞོགས་འདེགས་འོག“དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་དེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་རྐང་ཐང་མར་རྒྱང་སྐྱོད་བྱེད་པའི་རྒྱལ་སྲུང་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་ནི་མལ་གྲོ་གུང་དཀར་རྫོང་གིས་སློབ་གྲྭར་རྒྱལ་སྲུང་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་བའི་གསར་གཏོད་ལྡན་པའི་ལག་ལེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྫོང་དེས་ཆེད་དོན་མ་དངུལ་བཏང་ནས“སློབ་ཁང་དུ་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ཕྱི་རོལ་དུ་དམག་དོན་ལག་ལེན་བྱེད་པ”ཟུང་དུ་འབྲེལ་བའི་རྒྱལ་སྲུང་སློབ་གསོའི་རྣམ་པ་བཏོད་པ་དང་། ད་ཐེངས་ཀྱི་རྐང་ཐང་མར་རྒྱང་སྐྱོད་བྱེད་པའི་རྒྱལ་སྲུང་སློབ་གསོའི་ལག་ལེན་བྱེད་སྒོ་ནི་སློབ་གསོའི་རྣམ་པ་དེ་ཕྱི་རོལ་དུ་ལག་ལེན་བྱེད་པའི་ལྟེ་བའི་ལྷུ་ཚིགས་ཤིག་རེད། རྐང་ཐང་མར་བསྐྱོད་པ་བརྒྱུད་རྔུལ་ཆུའི་ཁྲོད་དུ་སློབ་མ་ཚོའི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་ཏུ་ཕྱིན་ནས། ཕན་ཚུན་རོགས་རམ་བྱེད་རིང་མཉམ་སྡེབ་ཀྱི་འདུ་ཤེས་དང་སྒྲིག་ཁྲིམས་འཁུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།